མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་ཧྥུའུ་ཐེན་ཁང་ཧྥུའུ་ཡིས་ཨན་པའེ་ཅིན་སན་གྱིས་ཀྲུང་གོ་དང་ཧན་གོའི་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་དགོས་པའི་སྐུལ་མ་བཏང་བ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-13 10:48

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།འཇར་པན་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་ཧྥུའུ་ཐེན་ཁང་ཧྥུའུ་ཡིས་ཚེས11ཉིན་ཏུང་ཅིན་ནས་གཏམ་བཤད་སྤེལ་ཏེ། ད་ལྟའི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་མགོ་ཁྲིད་པའི་སྲིད་གཞུང་གིས་གང་ནུས་ཀྱིས་ཀྲུང་གོ་དང་ཧན་གོའི་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་དགོས་པའི་སྐུལ་མ་བཏང་།

འཇར་པན་དང་ཀྲུང་གོ། ཧན་གོ་བཅས་བར་གྱི་འབྲེལ་བ་ཇེ་སྡུག་ཏུ་སོང་ལོ་རྒྱུས་ངོས་ཟིན་གནད་དོན་གླེང་སྐབས་ཧྥུའུ་ཐེན་ཁང་ཧྥུའུ་ཡིས་བཤད་རྒྱུར། ཆབ་སྲིད་པའི་བྱ་བ་ནི་གནད་དོན་བཟོ་རྒྱུ་དེ་མིན་པས། ལོ་རྒྱུས་ངོས་ཟིན་གནད་དོན་ལ་འབྲེལ་བའི་དཔྱད་བརྗོད་སྤེལ་མི་རུང་ཟེར།

ད་ལོའི་ཟླ4བའི་ཚེས12ཉིན། ཨན་པའེ་ཅིན་སན་གྱིས་རྒྱལ་ཚོགས་གྲོས་ཞུགས་ཁང་སྔོན་རྩིས་ཨུ་ཡོན་ལྷན་ཁང་ནས་བཤད་རྒྱུར། ཁོས་འདོར་ལེན་ཅི་ཡང་མེད་པར་ཚོན་ཧྲན་གྲོས་མོལ་གྱི་དགོངས་དོན་རྒྱུན་འཛིན་བྱེད་མི་སྲིད་ཟེར། ཨན་པའེ་ཅིན་སན་གྱིས་ད་རུང་རིགས་གཞུང་ལས་རིགས་དང་རྒྱལ་སྤྱིའི་སྟེང་བཙན་འཛུལ་ལ་འབྲེལ་བའི་གོ་དོན་ངེས་གཏན་ཅན་ཞིག་མེད་པ་དང་། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བའི་ཐད་གནད་དོན་ལ་བལྟ་བའི་ཟུར་མི་འདྲ་བའི་དབང་གིས་གཅིག་མཚུངས་སུ་མ་ངེས་ཟེར།

ཨན་པའེ་ཅིན་སན་གྱི་གོང་གི་གཏམ་བརྗོད་དེ་ལ་ཀྲུང་གོ་དང་ཧན་གོས་སྐྱོན་བརྗོད་ནན་མོ་བྱས་པ་དང་། དེའི་དབང་གིས་འཇར་པན་དང་ཀྲུང་གོ། ཧན་གོ་བཅས་ཀྱི་འབྲེལ་བ་སྔར་ལས་ཇེ་སྡུག་ཏུ་སོང་བ་རེད། ཨ་མེ་རི་ཁས་ཀྱང་ཨན་པའེ་ཅིན་སན་གྱི་གཏམ་བརྗོད་དེ་ལ་ཡིད་ཆེས་དཀའ་བའི་རྣམ་འགྱུར་སྟོན་བཞིན་ཡོད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག