མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ར་རྔ་ཁ་གྲོང་རྡལ་གྱི་སྤྱི་ཁོག་བསྒྲིགས་བཀོད་ཞིབ་དཔྱད་བྱས་པ།

རྩོམ་པ་པོ། རྡོ་རྗེ་ཚེ་རིང་གིས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-11-12 11:02

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ།སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཁུལ་དར་མདོ་རྫོང་ར་རྔ་ཁ་གྲོང་རྡལ་གྱི་སྤྱི་ཁོག་བསྒྲིགས་བཀོད་ཞིབ་དཔྱད་ཚོགས་འདུ་དེ་དར་མདོ་རྫོང་སློབ་གསོ་ཅུས་ལ་འཚོགས་ཤིང་།ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གལ་ཆེན་གནང་བ་རེད།

བསྒྲིགས་བཀོད་སྒྲིག་བཟོ་ལས་ཁུངས་དང་སྒྲིག་བཟོའི་རྒྱབ་ལྗོངས་ཀྱི་སྙན་སེང་དང་དང་ཞིབ་དཔྱད་འགོ་ཁྲིད་ཚོ་ཆུང་དང་ཆེད་མཁས་པ།ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་གཏམ་བཤད་ལ་གསན་རྗེས་ཧུའུ་ཁྲང་ཧྲེང་གིས་བསྒྲིགས་བཀོད་སྒྲིག་བཟོ་ལས་ཁུངས་དང་ཆེད་མཁས་པ་རྣམས་ཀྱིས་དཀར་མཛེས་ཁུལ་དར་མདོ་རྫོང་ར་རྔ་ཁ་གྲོང་རྡལ་གྱི་སྤྱི་ཁོག་བསྒྲིགས་བཀོད་བཟོ་བ་དང་ཞིབ་དཔྱད་བྱེད་པར་ལོ་རྒྱུས་ཀྱི་འགན་འཁྲིའི་འདུ་ཤེས་དང་འགན་སྒྲུབ་འདུ་ཤེས།བློ་རིག་དང་བརྩེ་དུང་བཅས་བཅངས་ཡོད་པས་བཀའ་དྲིན་ཆེ་ཞེས་ཞུས་པ་རེད།

ཧུའུ་ཁྲང་ཧྲེང་གིས་སྤྱི་ཁོག་བསྒྲིགས་བཀོད་བཟོ་བཅོས་དང་འཐུས་ཚང་གཏོང་བར་བླང་བྱ་ཞིབ་ཕྲ་བཏོན་པ་སྟེ།ར་རྔ་ཁ་གྲོང་རྡལ་གྱི་སྤྱི་ཁོག་བསྒྲིགས་བཀོད་བྱེད་པར་སྤྱིའི་དམིགས་སས་མི་ཉག་གི་སྙིང་བཅུད་དང་ཐུན་མིན་གྱི་ཁྱད་ཆོས་གསལ་པོར་མཚོན་ཏེ་བོད་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་ལས་ཀ་ཡག་པོར་སྒྲུབ་དགོས།གྲོང་ཁྱེར་བཟོ་དབྱིབས་ཀྱི་ཐོག་ནས་གོ་མཚམས་མཛེས་རིག་ལ་བསམ་བློ་བཏང་སྟེ།གྲོང་རྡལ་གྱི་མཐའ་མཚམས་དང་།མཐུད་མཚམས།ས་རྟགས་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས།མི་གཙོ་བོར་འཛིན་པའི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་མི་གཤིས་མངོན་ཤུགས་ཇེ་ཆེར་བཏང་ཞིང་མང་ཚོགས་ཀྱི་དགོས་མཁོ་དངོས་དང་མཐུན་དགོས།སྐྱེ་ཁམས་རང་བཞིན་གྱི་གནད་དོན་ཐག་གཅོད་བྱས་ནས་པར་ལེན་ཞིང་ཁམས་ཀྱི་གདོད་མའི་སྣོད་བཅུད་ལ་སྲུང་སྐྱོང་བྱས་ཏེ་མི་དང་རང་བྱུང་བར་འཆམ་་མཐུན་མཉམ་གནས་བྱེད་ཅིང་ཞིང་སྡེའི་འཚོ་བ་ལྡན་པའི་གྲོང་རྡལ་འཛུགས་སྐྲུན་བྱེད་དགོས།ལག་ལེན་རང་བཞིན་གྱི་གནད་དོན་ཐག་གཅོད་བྱས་ནས་སྲིད་ཇུས་དང་ལམ་སྲོལ་གྱིས་འགན་སྲུང་བྱ་རྒྱུ་དོན་ཐོག་འཁྱོལ་བ་དང་།ཐོན་ལས་འཕེལ་རྒྱས་གཏོང་བར་དོ་སྣང་བྱེད་ཅིང་།ཁྲོམ་རའི་གཙོ་གཞི་འཛུགས་པ།མང་ཚོགས་དང་སྲིད་གཞུང་ཞུགས་པའི་འཛུགས་སྐྲུན་གྱི་ནང་སྲོལ་འཛུགས་དགོས།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག