མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རུ་ཝང་ཏཱ་ཡང་བསྐྱར་ཨ་ཧྥེ་རི་ཁ་དབུས་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པའི་ནང་ཞུགས་རྒྱུ་ཡིན་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-10 20:27

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རུ་ཝང་ཏཱའི་དུས་སྐབས་གསར་བའི་ཚགས་པར་སྟེང་ཚེས9ཉིན་བཀོད་པའི་གནས་ཚུལ་ལྟར་ན། རུ་ཝང་ཏཱའི་ཕྱི་འབྲེལ་དང་མཉམ་ལས་པུའུ་ཀྲང་མུའུ་ཞེ་ཅི་ཝ་པའོ་ཡིས་ཚེས8ཉིན་ཁོང་གོ་པུའུ་ལ་འཚམས་འདྲི་བྱེད་སྐབས་བཤད་རྒྱུར། རུ་ཝང་ཏཱ་ཨ་ཧྥེ་རི་ཁ་དབུས་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པ་ནས་ཕྱིར་བུད་དེ་ལོ་ངོ་དྲུག་འགོར་རྗེས། ད་ལྟ་ཡང་བསྐྱར་ས་ཁོངས་རང་བཞིན་གྱི་མནའ་འབྲེལ་དེའི་ནང་ཞུགས་རྒྱུ་ཡིན་ཟེར།

རུ་ཝང་ཏཱ2007ལོར་ཨ་ཧྥེ་རི་ཁ་ཤར་མའི་ཐུན་མོང་ཚོགས་པར་ཞུགས་སྐབས། ཨ་ཧྥེ་རི་ཁ་དབུས་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པའི་ཁོངས་མིའི་ཐོབ་ཐང་མཚམས་བཞག་པ་རེད། རུ་ཝང་ཏཱའི་སྲིད་གཞུང་གིས་བྱ་སྤྱོད་དེར་འགྲེལ་བཤད་བྱེད་སྐབས་བཤད་རྒྱུར། དེ་ལྟར་བསྒྲུབ་པའི་དམིགས་ཡུལ་ནི་ས་ཁོངས་རང་བཞིན་གྱི་མནའ་འབྲེལ་ཁྲོད་ཐོབ་ཐང་གཉིས་ལྡན་དུ་མི་འགྱུར་བའི་ཆེད་དུ་ཡིན་ཟེར།

འདས་པའི་ལོ་འགའི་ནང་། རུ་ཝང་ཏཱ་དང་ཁོང་གོ་པུའུ། ཀ་ཕིན་སོགས་ཨ་ཧྥེ་རི་ཁ་དབུས་མའི་རྒྱལ་ཁབ་འགའི་ཕྱོགས་གཉིས་ཀྱི་མཉམ་ལས་འབྲེལ་བ་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་བ་དང་། རུ་ཝང་ཏཱའི་རྒྱལ་ས་ཅི་ཅཱ་ལེ་ཡིས་རྒྱལ་ཁབ་དེ་གཉིས་ཀྱི་རྒྱལ་སའི་བར་དུས་བཅད་གནམ་གྲུ་གཏོང་བཞིན་ཡོད། མུའུ་ཞེ་ཅི་ཝ་པའོ་ཡིས་བཤད་རྒྱུར། ཨ་ཧྥེ་རི་ཁཱ་ཤར་མའི་ཐུན་མོང་ཚོགས་པའི་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་གྲུབ་འབྲས་ཐོབ་རྗེས། རུ་ཝང་ཏཱ་དང་ཨ་ཧྥེ་རི་ཁ་དབུས་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་བར་གྱི་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་མང་དུ་སོང་བ་དང་། ང་ཚོས་བལྟས་ན་ཡང་བསྐྱར་ཨ་ཧྥེ་རི་ཁ་དབུས་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པའི་ནང་ཞུགས་པའི་དུས་ལ་བབས་ཡོད་པར་བསམ་ཡོད་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག