མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མར་ཏེ་ཝེ་ཡི་སྐོར་ཐེངས་གསར་བའི་འདེམ་བསྐོ་ཆེན་མོའི་ཐོག་མའི་མཇུག་འབྲས་ཁྱབ་སྒྲོག་བྱས་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-10 20:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།མར་ཏེ་ཝེ་ཡི་སྐོར་ཐེངས་གསར་བའི་འདེམ་བསྐོ་ཆེན་མོའི་ཐོག་མའི་མཇུག་འབྲས་ཚེས9ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་པ་དང་། སྔོན་ཆད་ཀྱི་ཙུང་ཐུང་། དམངས་གཙོ་ཏང་གི་འདེམ་སྒུག་མི་སྣ་ནཱ་ཞེ་ཏི་ལ་བརྒྱ་ཆའི་ཞེ་བདུན་གྱི་འདེམ་ཤོག་ཐོབ་ཡོད་ཀྱང་། ཕྱེད་ཀ་ལས་བརྒལ་མེད་པས་ཡར་ཐོན་ཏང་གི་འདེམ་སྒུག་མི་སྣ་ཡཱ་མེན་དང་མཉམ་དུ་སྐོར་ཐེངས་གཉིས་པའི་འགྲན་རྩོད་ལ་ཞུགས་དགོས་པ་རེད།

མར་ཏེ་ཝེའི་སྐབས་གསར་བའི་འདེམ་བསྐོ་ཆེན་མོའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཚེས9ཉིན་ཞི་བདེའི་སྣང་ཚུལ་ཁྲོད་སྤེལ་བ་དང་། འདེམ་དམངས་འབུམ་གཉིས་ལྷག་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས། མར་ཏེ་ཝེའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། འདེམ་བསྐོའི་བྱ་འགུལ་བདེ་བླག་ངང་སྤེལ་བ་དང་གནད་དོན་ཅི་ཡང་མི་འདུག འབྲེལ་ཡོད་ཕྱོགས་སོ་སོ་དང་རང་བཙན་འདེམ་བསྐོའི་ལྟ་རྟོག་རྩ་འཛུགས་ཀྱིས་ཀྱང་། འདེམ་བསྐོ་ཆེན་མོ་དེ་ཞི་བདེའི་སྣང་ཚུལ་ཁྲོད་རང་དབང་དང་དྲང་བདེན་གྱིས་སྤེལ་ཡོད་ཟེར།

མར་ཏེ་ཝེའི་ཐེངས་འདིའི་འདེམ་བསྐོ་ཆེན་མོར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། མར་ཏེ་ཝེའི་ཆེས་མཐོའི་ཁྲིམས་ཁང་གིས་བཅོས་སླད་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་ཟླ9བའི་ཚེས7ཉིན་གྱི་འདེམ་ཤོག་འཕང་བའི་མཇུག་འབྲས་རྩིས་མེད་དུ་བཏང་བ་དང་། དེའི་རྗེས་སུ་འདེམ་སྒུ་མི་སྣ་གཉིས་ཀྱིས་འདེམ་དམངས་ཀྱི་ཐོ་འགོད་རེའུ་མིག་སྟེང་མིང་མ་བཀོད་པས། ཟླ་བཅུ་བའི་ཚེས་བཅུ་དགུའི་ཉིན་སྤེལ་བར་ཐག་བཅད་ཡོད་པའི་འདེམ་བསྐོའི་བྱ་འགུལ་སྤེལ་ཐབས་མེད་པར་གྱུར་བས། འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གིས་ཡང་བསྐྱར་ཟླ་འདིའི་ཚེས་དགུའི་ཉིན་དུས་ཚོད་གཏན་འཁེལ་བྱས་པ་རེད།

མར་ཏེ་ཝེའི་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གིས་སྐོར་ཐེངས་གཉིས་པའི་འདེམ་བསྐོ་དེ་ཚེས10ཉིན་སྤེལ་རྒྱུ་ཐག་བཅད་ཡོད། མར་ཏེ་ཝེའི་རྩ་ཁྲིམས་ལྟར་ན། ཙུང་ཐུང་གསར་བས་ད་ལྟའི་ཙུང་ཐུང་ཝ་ཞེ་ཏི་ཡིས་ཟླ་བཅུ་གཅིག་པའི་ཚེས11ཉིན་ལས་འགན་མ་བསྐྱུར་གོང་ལས་འགན་ཁུར་དགོས་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག