མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུས་ཡེ་མིན་ལ་བར་སྣང་ནས་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི7རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-09 16:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་གྱི་བདེ་འཇགས་དཔོན་པོས་བཤད་རྒྱུར། ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུས་ཚེས8ཉིན་གྱི་དགོང་མོར་ཡེ་མིན་ལྷོ་ཕྱོགས་ཀྱི་ཨ་པུས་དབྱང་ཞིང་ཆེན་གྱི་སྡེ་བ་ཞིག་ལ་བར་སྣང་ནས་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་རྟེན་གཞི་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན7བསད་ཟེར།

ཨ་པུས་དབྱང་ཞིང་ཆེན་གྱི་མིང་བཤད་མི་འདོད་པའི་བདེ་འཇགས་དཔོན་པོ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུས་ཨ་པུས་དབྱང་ཞིང་ཆེན་གྱི་མཱ་ཧྥོ་ཏི་གྲོང་རྡལ་ནས་རླངས་འཁོར་རུ་ཁག་ཅིག་ལ་བར་སྣང་ནས་འཇབ་རྒོལ་བྱས་ཏེ། དྲག་ཆས་ཉེས་ཅན་དྲུད་ཡོད་པའི་རླངས་འཁོར་གཅིག་ལ་འགས་གཏོར་ཐེབས། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། ཉུང་མཐར་ཡང་རྟེན་གཞི་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན7བསད་ཟེར།

མིག་སྔར་ཡེ་མིན་གྱི་རྟེན་གཞི་རྩ་འཛུགས་ཨ་རབ་ཕྱེད་གླིང་ཡན་ལག་རུ་ཁག་གིས་ཐེངས་འདིའི་ཤི་རྨས་གནས་ཚུལ་ཐད་ནས་གསལ་སྒྲོག་ཅི་ཡང་སྤེལ་མེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག