མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཱ་ཏཱ་ཀ་སི་ཁཱ་རྒྱལ་ཁབ་ཀྱིས་སྐོར་ཐེངས་གཉིས་པའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-09 16:16

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ཏཱ་ཀ་སི་ཁཱའི་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས8ཉིན་ཁྱབ་སྒྲོག་བྱས་པའི་ཙུང་ཐུང་འདེམ་བསྐོའི་མཇུག་འབྲས་ལྟར་ན། ཙུང་ཐུང་གི་འདེམ་སྒུག་མི་སྣ་གཅིག་ལའང་ཕྱེད་ཀ་བརྒལ་བའི་འདེམ་ཤོག་ཐོབ་མེད་པས། འདེམ་ཤོག་འཐོབ་པ་ཆེས་མང་བོའི་ཙུང་ཐུང་གི་འདེམ་སྒུག་མི་སྣ་གཉིས་སྐོར་ཐེངས་གཉིས་པའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་ཞུགས་རྒྱུ་རེད།

རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་བསྡོམས་རྩིས་མཇུག་འབྲས་དེ་མཱ་ཏཱ་ཀ་སི་ཁཱའི་དམིགས་བསལ་འདེམ་བསྐོའི་ཁྲིམས་ཁང་ལ་སྤྲོད་རྒྱུ་ཡིན་པ་དང་། དམིགས་བསལ་འདེམ་བསྐོའི་ཁྲིམས་ཁང་གིས་བརྡས་ཐག་བཅད་རྗེས་དངོས་གཞིའི་མཇུག་འབྲས་ཁྱབ་སྒྲོག་བྱེད་རྒྱུ་རེད།

མཱ་ཏཱ་ཀ་སི་ཁཱའི་རང་བཙན་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གིས་བསྡོམས་རྩིས་བྱས་པ་ལྟར་ན། ཐེངས་འདིའི་འདེམ་བསྐོ་ལ་ཐོ་འགོད་བྱས་པའི་འདེམ་དམངས་ས་ཡ་བདུན་དང་འབུམ་བརྒྱད་ཡོད་པ་དང་། སྐོར་ཐེངས་དང་པོའི་འདེམ་བསྐོ་ལ་བསྡོམས་པས་ཙུང་ཐུང་འདེམ་སྒུག་མི་སྣ་སོ་གསུམ་འགྲན་རྩོད་ལ་ཞུགས་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག