མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་གྱི་གྲོས་མིའི་ཁྲའོ་ཞན་གྱི་འཚམས་འདྲི་མཇུག་རྫོགས་པ།

    2013-11-08 11:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་རྒྱལ་ཚོགས་ཀྱི་གྲོས་ཞུགས་གྲོས་མི་ཀྲུའུ་མུའུ་ཁོན་གྱིས་ཚེས7ཉིན་ཁྲའོ་ཞན་ལ་དུས་ཡུན6གི་འཚམས་འདྲི་བྱེད་པ་མཇུག་རྫོགས། ཁོས་ཁྲའོ་ཞན་ལ་འཚམས་འདྲི་བྱེད་པར་ཐོག་མ་ནས་འཇར་པན་གྲོས་ཁང་གི་ཆོག་མཆན་ཐོབ་མེད་པས་ཆད་པ་གཅོད་པའི་ཉེན་ཁ་ཡོད་སྲིད།

བསྒྲགས་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་འཚམས་འདྲིའི་སྐབས་སུ། ཀྲུའུ་མུའུ་ཁོན་གྱིས་སྔ་གཞུག་ཏུ་ཁྲའོ་ཞན་གྱི་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཁྲིན་ཙེ་དང་། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་ཅིན་ཡུང་རི་སོགས་ཁྲའོ་ཞན་གྱི་མཐོ་རིམ་དཔོན་རིགས་དང་གྲོས་མོལ་བྱས། ཁོས་འཚམས་འདྲི་མཇུག་སྒྲིལ་ནས་ཕྱིར་ཏུང་ཅིན་དུ་ལོག་དུས་པེ་ཅིན་རྒྱལ་སྤྱིའི་གནམ་གྲུ་ཐང་བརྒྱུད་སྐབས་ཁོ་དང་ཁྲའོ་ཞན་གྱི་དཔོན་རིགས་ཀྱིས་གྲོས་མོལ་བྱས་པའི་གནས་ཚུལ་ཞིབ་རྒྱས་མ་གླེང་།

འཇར་པན་སྲིད་གཞུང་གིས་ཁྲའོ་ཞན་ལ་བཀག་སྡོམ་བྱས་ཡོད་པ་དང་སྤྱི་དམངས་ཁྲའོ་ཞན་དུ་འགྲོ་མི་རུང་བའི་རེ་བ་བཏོན་ཡོད། གྲོས་ཞུགས་ཁང་དོ་དམ་ཨུ་ཡོན་ལྷན་ཁང་ལས་འཛིན་ལྷན་ཚོགས་ཀྱིས་རེ་ཞུའི་ཡིག་ཆའི་ནང་དོན་ཁ་ཚང་བ་དང་། འགྲུལ་བཞུད་ཀྱི་དམིགས་ཡུལ་མངོན་གསལ་མིན་པ། ཉིན་རིམ་བཀོད་སྒྲིག་ཞིབ་ཚགས་མིན་པ་སོགས་རྒྱུ་མཚན་དུ་བྱས་ཏེ་ཀྲུའུ་མུའུ་ཁོན་ཁྲའོ་ཞན་དུ་འཚམས་འདྲིར་འགྲོ་བར་ཆོག་མཆན་མ་བཀོད་ཀྱང་། ཀྲུའུ་མུའུ་ཁོན་གྱིས་དེར་ཁ་ཡ་མ་བྱས་པར་འཚམས་འདྲིར་སོང་བ་རེད།

བསྒྲགས་པའི་གནས་ཚུལ་ལྟར་ན། ཀྲུའུ་མུའུ་ཁོན་གྱི་ཐེངས་འདིར་ཁྲའོ་ཞན་དུ་འཚམས་འདྲི་བྱེད་པར་འཇར་པན་གྲོས་ཁང་གི་ཆོག་མཆན་ཐོབ་མེད་སྟབས། ཁོ་རང་ཕྱིར་འཇར་པན་དུ་ལོག་རྗེས་གྲོས་ཁང་གིས་ཆད་པ་གཅོད་ཀྱང་སྲིད་ཟེར།

ཀྲུའུ་མུའུ་ཁོན་གྱིས་བཤད་རྒྱུར། ང་རང་ཕྱིར་ལོག་རྗེས་གནད་དོན་ཅི་འབྱུང་ལ་སེམས་ཁུར་ཆེན་པོ་བྱེད་ཀྱིན་མེད་ཟེར།

ཁྲའོ་ཞན་དུ་འཚམས་འདྲི་བྱེད་སྐབས། ཀྲུའུ་མུའུ་ཁོན་ས་དེའི་ལུས་རྩལ་བྱ་འགུལ་ཞིག་ལ་ཞུགས་པར་མ་ཟད། འཇར་པན་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ཀྱི་ལུས་རྩལ་བརྗེ་རེས་ལ་ཡར་སྐུལ་བྱེད་པར་དམིགས་པའི་གཞུང་སྒྲུབ་ཁང་ཞིག་བཙུགས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག