མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་ཐཱ་ཧི་ཡིས་ཨ་ལཱ་ཧྥ་ཐི་ཡི་འདས་རྐྱེན་ལ་རྟོག་ཞིབ་གསལ་བོ་བྱེད་རྒྱུའི་དམ་བཅས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-08 11:21

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་འགུལ་སྐྱོད་ཧྥ་ཐཱ་ཧི་ཡི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཚེས7ཉིན་ཁྱབ་སྒྲོག་བྱས་དོན། བཀག་རྒྱ་ཡོད་ཚད་སེལ་ནས་ཕཱ་ལེ་སི་ཐན་གྱི་སྔོན་ཆད་ཀྱི་མགོ་ཁྲིད་པ་ཨ་ལཱ་ཧྥ་ཐི་ཡི་འདས་རྐྱེན་ལ་རྟོག་ཞིབ་གསལ་བོ་བྱེད་རྒྱུ་ཡིན་ཟེར།

ཧྥ་ཐཱ་ཧི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། སུའེ་ཙེར་ཆེད་མཁས་པའི་ཨ་ལཱ་ཧྥ་ཐིའི་བེམ་པོར་ཞིབ་བཤེར་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་ཞིབ་འཇུག་བྱས། གྲོས་ཚོགས་གྲོལ་རྗེས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ནང་། ཧྥ་ཐཱ་ཧི་ཡིས་ཨུ་རུ་སི་དང་སུའེ་ཙེར་གྱིས་ཨ་ལཱ་ཧྥ་ཐི་ཡི་འདས་རྐྱེན་ལ་རྟོག་ཞིབ་བྱེད་པར་འབད་འབུངས་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། བཀག་རྒྱ་ཡོད་ཚད་ཁྱད་དུ་བསལ་ནས་ཨ་ལཱ་ཧྥ་ཐི་ཡི་འདས་རྐྱེན་ངོ་མ་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར།

ཚོད་དཔག་བྱས་ན་ཕཱ་ལེ་སི་ཐན་གྱི་ཨ་ལཱ་ཧྥ་ཐིའི་འདས་རྐྱེན་རྟོག་ཞིབ་ཨུ་ཡོན་ལྷན་ཁང་གིས་ཚེས8ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཨ་ལཱ་ཧྥ་ཐི་ཡི་འདས་རྐྱེན་གྱི་རྟོག་ཞིབ་སྙན་ཞུའི་འབྲེལ་ཡོད་ནང་དོན་ཞིབ་རྒྱས་ཁྱབ་སྒྲོག་བྱེད་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག