མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོ་དང་པུ་ལི་ཧྲི་ཡིས་འཕེལ་རྒྱས་རོགས་སྐྱོར་ཐད་ནས་མཐུན་སྦྱོར་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-08 11:21

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཚེས7ཉིན་པུ་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་དུ་འབྱོར་ཏེ། པུ་ལི་ཧྲིའི་དབུ་བཞུགས་བློན་ཆེན་ཏིས་ལོས་པའོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་དང་། སློབ་གསོ། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ནས་གྲོས་མོལ་བྱས། གྲོས་མོལ་བྱས་རྗེས། ཧན་གོ་དང་པུ་ལི་ཧྲི་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་འཕེལ་རྒྱས་རོགས་སྐྱོར་མཉམ་ལས་གྲོས་མཐུན་བཀོད།

པུ་ལི་ཧྲིའི་འཕེལ་རྒྱས་མཉམ་ལས་བློན་ཆེན་ལཱ་པུས་ཡེ་ཡིས་གསར་འགོད་པར་བསྟན་དོན། པུ་ལི་ཧྲི་དང་ཧན་གོ་ནི་འཕེལ་རྒྱས་མཉམ་ལས་ཀྱི་རོགས་སྐྱོར་རྒྱལ་ཁབ་ཡིན་པ་དང་། པུ་ལི་ཧྲི་ཡི་ཁྱད་སྟོབས་ཨ་ཧྥེ་རི་ཁའི་དབུས་ཕྱོགས་སུ་ཡོད་ལ། ཧན་གོའི་ཁྱད་སྟོབས་ས་ཁུལ་གཞན་དུ་ཡོད། མཉམ་ལས་གྲོས་མཐུན་བཀོད་དེ་ཕྱོགས་གཉིས་ཀྱིས་ཕན་ཚུན་བར་མཐུན་སྦྱོར་བྱས་ཤིང་། ཁྱད་སྟོབས་ཁ་གསབ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་རོགས་སྐྱོར་གྱི་ཕན་ནུས་ཇེ་མཐོར་བཏང་ཆོག་ཟེར།

ད་ལོ་ནི་ཧན་གོ་དང་ཡོ་རོབ་གླིང་མནའ་འབྲེལ་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བའི་ལོ་ཡིན། པུ་ལི་ཧྲི་ནི་ཕེའོ་ཅིན་ཧོས་ཀྱི་ཐེངས་འདིའི་ཡོ་རོབ་གླིང་གི་འགྲུལ་བཞུད་ཀྱི་ཆེས་མཇུག་མཐའི་ས་ཚིགས་ཡིན་པ་དང་། དེའི་སྔོན་ཁོ་མོས་ཧྥ་རན་སི་དང་དབྱིན་ཇི་རྒྱལ་ཁབ་ལ་འཚམས་འདྲི་བྱས་པ་རེད། ཕེའོ་ཅིན་ཧོས་ཚེས་བརྒྱད་ཉིན་ཧན་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་བདུན་པར་ཞུགས་རྒྱུ་ཡིན་པ་དང་། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་ཕའེ་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ལོ་ཙོ་དང་གྲོས་མོལ་བྱེད་རྒྱུ་རེད། ཧན་གོ་དང་ཡོ་རོབ་གླིང་གིས་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་དང་། དབུས་ཤར་ས་ཁུལ་གྱི་བདེ་འཇགས་གནད་དོན། ཧན་གོ་དང་ཡོ་རོབ་གླིང་གི་རང་དབང་ཉོ་ཚོང་གྲོས་ཆོད་ལག་བསྟར་བྱས་ནས་ལོ་ངོ་གཉིས་རིང་གི་ཕྱོགས་གཉིས་ཀྱི་འབྲེལ་བ་དང་། ཚན་རྩལ་དང་སློབ་གསོ། མི་སྣའི་བརྗེ་རེས་བཅས་རྒྱ་བསྐྱེད་པ་སོགས་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་གཙོ་བོའི་ཐད་ནས་བསམ་འཆར་བརྗེ་རེས་བྱེད་རྒྱུ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག