མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སོ་ཆིའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་སྔ་གཞུག་ཏུ་འཐབ་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-07 10:27

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་རེ་བརྒྱད་པས་ཚེས6ཉིན་གྲོས་ཆོད་བཀོད་དེ། རྒྱལ་ཁབ་སོ་སོས་སོ་ཆིའི་དགུན་ཁའི་ཨོ་རྩལ་དང་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་སྔ་གཞུག་ཏུ་ཨོ་ལིན་ཕུག་གི་འཁྲུག་རྩོད་མཚམས་འཇོག་པའི་སྲོལ་རྒྱུན་བརྩི་སྲུང་བྱས་ཏེ། འཁྲུག་རྩོད་བྱ་སྤྱོད་གང་རུང་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཨོ་ལིན་ཕུག་གི་འཁྲུག་རྩོད་མཚམས་འཇོག་པ་ནི་རྒྱལ་སྤྱིའི་ཨོ་རྩལ་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་གནའ་བོའི་ཞི་ལཱའི་ཨོ་ལིན་ཕུག་གི་འཁྲུག་རྩོད་མཚམས་འཇོག་པའི་སྲོལ་རྒྱུན་གཞིར་བཟུང་སྟེ་ཇུས་འགོད་བྱས་པའི་ཞི་བདེའི་བྱ་འགུལ་ཞིག་ཡིན་པ་དང་། 1993ལོའི་ཟླ10བར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་གྲོས་མཐུན་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་སྐབས་རེ་རེའི་ཨོ་རྩལ་འགྲན་ཚོགས་མགོ་རྩོམ་ལ་ཉེ་བའི་སྔོན་གྱི་གཟའ་འཁོར་གཅིག་དང་མཇུག་སྒྲིལ་རྗེས་ཀྱི་གཟའ་འཁོར་གཅིག་གི་ནང་འཁྲུག་རྩོད་བྱ་སྤྱོད་ཡོད་ཚད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཉིན་དེར་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ལུས་རྩལ་ལ་བརྟེན་ནས་ཞི་བདེ་དང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་སྟེ་ལུས་རྩལ་དང་ཨོ་རྩལ་ཕུགས་འདུན་ལ་བརྟེན་ནས་ཞི་བདེ་ཡི་འཛམ་གླིང་སྔར་ལས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་འཛུགས་དགོས་ཞེས་པ་བརྗོད་སྙིང་ཡིན་པའི་ཚང་འཛོམས་གྲོས་ཚོགས་བསྡུས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་མཉམ་དུ་བཏོན་པའི་གྲོས་ཆོད་འཆར་ཟིན་བདུན་ཅུར་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་ཨོ་ལིན་ཕུག་ལུས་རྩལ་འགྲན་ཚོགས་དང་དབང་བོ་སྐྱོན་ཅན་གྱི་ཨོ་ལིན་ཕུག་ལུས་རྩལ་འགྲན་ཚོགས་ཀྱི་སྐབས་སུ་རྒྱལ་སྤྱིའི་ཨོ་ལིན་ཕུག་རྩ་འཛུགས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྤྱིའི་དབང་བོ་སྐྱོན་ཅན་རྩ་འཛུགས་ཨུ་ཡོན་ལྷན་ཁང་བར་མཉམ་ལས་བྱས་ཏེ། འཁྲུག་རྩོད་བྱེད་ས་དེ་ལུས་རྩལ་ལ་བརྟེན་ནས་ཞི་བདེ་དང་འགྲིག་མཐུན་ཡོང་བར་བརྩོན་དགོས་པའི་འབོད་སྐུལ་བཏང་།

དགུན་ཁའི་ཨོ་ལིན་ཕུག་ལུས་རྩལ་འགྲན་ཚོགས་སྐབས་ཉེར་གཉིས་པ་དང་དགུན་ཁའི་དབང་བོ་སྐྱོན་ཅན་གྱི་ཨོ་ལིན་ཕུག་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་སོ་སོར2014ལོའི་ཟླ2པའི་ཚེས7ཉིན་ནས་ཚེས23ཉིན་དང་། 2014ལོའི་ཟླ3པའི་ཚེས7ཉིན་ནས་ཚེས16ཉིན་བར་ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་སོ་ཆི་གྲོང་ཁྱེར་ནས་སྤེལ་རྒྱུ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག