མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་གྱི་སྔོན་ཆད་ཀྱི་ཙུང་ཐུང་མུའུ་ཧྲ་ལཱ་ཧྥུའུ་བཙོན་གྲོལ་བཏང་བ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-07 10:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གྱི་སྔོན་ཆད་ཀྱི་ཙུང་ཐུང་མུའུ་ཧྲ་ལཱ་ཧྥུའུ་ཡི་ཁྲིམས་རྩོད་པ་ཁཱ་སུའུ་ལི་ཡིས་ཚེས6ཉིན་བདེན་དཔང་བྱས་དོན། མུའུ་ཧྲ་ལཱ་ཧྥུའུ་ཉིན་དེའི་དགོང་མོར་བཙོན་གྲོལ་བཏང་ཟེར། དེའི་སྔོན་མུའུ་ཧྲ་ལཱ་ཧྥུའུ་དུས་རྒྱུན་དབྱི་སི་ལན་པའོ་ཉེ་འདབས་ཀྱི་སྡོད་གནས་སུ་བཟང་བཙོན་ལ་བཀག་ཡོད་པ་དང་། མིག་སྔར་སྡོད་གནས་སུ་ལྟ་སྐྱོང་བྱེད་པའི་འགན་ཁུར་བའི་ཉེན་རྟོག་པ་ཚང་མ་ཕྱིར་འཐེན་བྱས་ཟེར།

ཁྲིམས་དཔོན་ཨ་ལི་ཡིས་ཉིན་དེའི་སྔ་དྲོར་མུའུ་ཧྲ་ལཱ་ཧྥུའུ་བཙོན་གྲོལ་གཏོང་བའི་བཀའ་རྒྱ་བཏང་། ཁྲིམས་རྩོད་པ་ཁཱ་སུའུ་ལི་ཡིས་བཤད་རྒྱུར། མུའུ་ཧྲ་ལཱ་ཧྥུའུ་བཙོན་གྲོལ་གཏོང་བ་དེ་བཅའ་ཁྲིམས་ཀྱི་འགྲོ་ལུགས་དང་མཐུན་པ་དང་། མུའུ་ཧྲ་ལཱ་ཧྥུའུ་ཡིས་ཚེས་བདུན་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ་རང་ཉིད་ཀྱི་མ་འོངས་པའི་འཆར་གཞི་ཁྱབ་སྒྲོག་བྱེད་སྲིད་ཟེར།

ཉིན་གཉིས་ཀྱི་སྔོན། མུའུ་ཧྲ་ལཱ་ཧྥུའུ་ཡིས་སྲིད་སྐྱོང་སྐབས་བཀའ་རྒྱ་བཏང་ཞིང་དམག་དོན་འགུལ་སྐྱོད་སྤེལ་ཏེ་ཆོས་ལུགས་ཐལ་སྤྱོད་ཕྱོགས་ཁག་གི་གཙོ་འཛིན་བསད་པའི་གྱོད་དོན་ཐད་ནས་ཉེས་མེད་དུ་བཏང་བ་དང་། ཁྲིམས་རྩོད་པས་ཚེས་དྲུག་ཉིན་བསླུ་ཡོན་སྤྲད་པ་རེད། མུའུ་ཧྲ་ལཱ་ཧྥུའུ་ཡི་རྒྱབ་སྐྱོར་མཁན་རེ་འགས་ཉིན་དེར་ཁོང་གི་སྡོད་གནས་ཀྱི་ཉེ་འཁོར་ནས་ཁ་གཡང་མཐོན་པོར་བསྒྲགས་ཏེ། མུའུ་ཧྲ་ལཱ་ཧྥུའུ་ལ་རྒྱབ་སྐྱོར་བྱེད་པ་དང་ཁོ་རང་སྔ་མོ་ནས་ཕྱིར་གཏོང་བར་རེ་སྨོན་བྱེད་པའི་བསམ་ཚུལ་བསྟན།

གླེང་ཕྱོགས་ཀྱིས་བལྟས་ན། མུའུ་ཧྲ་ལཱ་ཧྥུའུ་བཙོན་གྲོལ་བཏང་བ་དེས་ཁོ་རང་ཕྱི་རྒྱལ་དུ་འགྲོ་བར་རྨང་བཏིང་ཡོད་པར་འདོད་ཀྱང་། ཕཱ་ཁི་སི་ཐན་ནང་སྲིད་པུའུ་ཀྲང་ཨ་ལི་ཧན་གྱིས་བསྟན་དོན། ཁྲིམས་ཁང་གི་ཆོད་དོན་མེད་ན་མུའུ་ཧྲ་ལཱ་ཧྥུའུ་ཕཱ་ཁི་སི་ཐན་དང་ཁ་འབྲལ་མི་རུང་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག