མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་རྒྱལ་ཁབ་ཀྱིས་སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་གྲོས་མོལ་ལ་སྣེ་ཁྲིད་བྱེད་རྩིས་ཡོད་པར་བཤད་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-07 10:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་པའོ་ཀི་ཏན་ནོའུ་ཧྥུའུ་ཡིས་ཚེས6ཉིན་བསྟན་དོན། ཨུ་རུ་སི་རྒྱལ་ཁབ་ཀྱིས་སི་རི་ཡཱའི་ཨ་སཱ་ཏི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་བར་གྱི་དངོས་གཞི་མིན་པའི་གྲོས་མོལ་ལ་སྣེ་ཁྲིད་བྱེད་རྩིས་ཡོད་ཟེར།

པའོ་ཀི་ཏན་ནོའུ་ཧྥུའུ་ཡིས་བཤད་རྒྱུར། ང་ཚོས་མའོ་སི་ཁི་ནས་སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་དངོས་གཞི་མིན་པའི་གྲོས་མོལ་བྱེད་དུ་འཇུག་རྒྱུ་ཡིན་པ་དང་། སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པའི་ཁག་ཅིག་ཡིན་ཟེར། ཕན་ནུས་ལྡན་པའི་ཁོར་ཡུག་ཅིག་གསར་གཏོད་བྱེད་པའི་ལྟ་ཚུལ་ལྟར་ན། ཕྱོགས་གཉིས་ཀྱིས་གནས་པའི་གནད་དོན་ལ་གྲོས་བསྡུར་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར།

མིག་སྔར་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གྲོས་ཚོགས་ལ་ཞུགས་རྩིས་ཡོད་མིན་ནི་རི་ནེ་ཝའི་གྲོས་ཚོགས་གྲ་སྒྲིག་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་དང་། སི་རི་ཡཱའི་ཆེས་ཆེ་བའི་ངོ་རྒོལ་ཕྱོགས་ཁག་རྒྱལ་ཡོངས་མཉམ་འབྲེལ་གྱི་བསྟན་དོན། ཨ་སཱ་ཏི་ཡིས་དབང་ཆ་མ་བསྐྱུར་བའི་དུས་ཚོད་རེའུ་མིག་གཏན་འཁེལ་མ་བྱས་ན། ངོ་རྒོལ་ཕྱོགས་ཁག་རི་ནེ་ཝའི་གྲོས་ཚོགས་ལ་ཞུགས་རྒྱུ་མིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་མནའ་འབྲེལ་གྱི་སི་རི་ཡཱའི་གནད་དོན་གྱི་མཉམ་འབྲེལ་དམིགས་བསལ་འཐུས་མི་པུའུ་ལཱ་ཞེ་མུས་ཀྱིས་ཚེས་ལྔ་ཉིན་རི་ནེ་ཝ་ནས་བསྟན་དོན། སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པའི་དུས་ཚོད་སྔར་བཞིན་གཏན་འཁེལ་བྱེད་ཐབས་མེད་ཀྱང་། ཁོས་ལོ་མཇུག་གི་སྔོན་ལ་གྲོས་ཚོགས་བསྡུ་ཐུབ་པར་རེ་བ་བྱས་ཡོད་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག