མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོ་དང་ཨ་མེ་རི་ཁའི་བཅའ་ཁྲིམས་ཆེད་མཁས་པའི་གྲོས་མོལ་སྤེལ་རྒྱུ་ཁྱབ་སྒྲོག་བྱས་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-06 11:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས5ཉིན་ཁྱབ་སྒྲོག་བྱས་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་བཅའ་ཁྲིམས་ཆེད་མཁས་པའི་གྲོས་མོལ་དེ་ཟླ11པའི་ཚེས7ཉིན་ནས་ཚེས8ཉིན་བར་ཨ་མེ་རི་ཁའི་ཧྥོ་ཅི་ནེ་ཡཱ་ཀྲིག་ནས་སྤེལ་རྒྱུ་ཡིན་ཟེར།

སྤྱི་སྒྲོག་ལས་བསྟན་དོན། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམངས་གཙོ་དང་འགྲོ་མིའི་ཐོབ་ཐང་། ངལ་རྩོལ་བཟོ་བའི་ལས་དོན་བཅས་ཀྱི་འགན་ཁུར་བའི་རྒྱལ་སྲིད་བློན་ཆེན་གྱི་ལས་རོགས་པ་ཚབ་མ་ཙེ་ཡཱ་དང་། བཅའ་ཁྲིམས་བློ་འདོན་པ་ཚབ་མ་མེད་ཁི་ལོ་ཏི་གཉིས་ཀྱིས་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་མོལ་ལ་ཞུགས་རྒྱུ་ཡིན་པ་དང་། ཀྲུང་གོའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མཐོ་རིམ་ཁྲིམས་དཔོན་ཧུའུ་ཡུན་ཐིན་གྱིས་ཀྲུང་གོའི་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་མོལ་ལ་ཞུགས་རྒྱུ་རེད་ཟེར།

སྤྱི་སྒྲོག་ལས་བསྟན་དོན། དེ་ནི་ཨ་མེ་རི་ཁ་དང་ཀྲུང་གོས་སྤེལ་བའི་བཅའ་ཁྲིམས་ཆེད་མཁས་པའི་གྲོས་མོལ་ཐེངས་དྲུག་པ་ཡིན་ཞིང་། ཀྲུང་གོའི་སྔོན་ཆད་ཀྱི་རྒྱལ་ཁབ་ཀྲུའུ་ཞི་ཧུའུ་ཅིན་ཐའོ་དང་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཉིས་སྟོང་དགུ་ལོར་རྒྱལ་ཁབ་གཉིས་ཀྱི་བཅའ་ཁྲིམས་ཆེད་མཁས་པའི་གྲོས་མོལ་སླར་གསོ་བྱེད་པར་གཅིག་གྱུར་འཐད་པ་བྱུང་བའི་ཚུན་གྱི་གྲོས་མོལ་ཐེངས་གསུམ་པ་རེད། གྲོས་མོལ་དེར་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་སྲིད་གཞུང་མིན་པའི་ཆེད་མཁས་པ་མང་བོ་ལྷན་འཛོམས་བྱེད་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་ཁྲིམས་སྐྱོང་གི་དགེ་མཚན་དང་ལག་བསྟར་ཐད་ནས་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག