མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འབར་མ་སྲིད་གཞུང་གིས་ཐོག་དང་པོར་གྲངས་ཉུང་མི་རིགས་དྲག་ཆས་རྩ་འཛུགས་བར་གྲོས་མོལ་བྱས་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-05 15:26

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འབར་མ་སྲིད་གཞུང་གི་འཐུས་མིས་ཚེས4ཉིན་ཁི་ཆན་པང་གི་ལྟེ་གནས་གྲོང་ཁྱེར་མུས་ཀྲི་ནཱ་ནས་གྲངས་ཉུང་མི་རིགས་དྲག་ཆས་རྩ་འཛུགས་མང་བོའི་འཐུས་མིར་གྲོས་མོལ་བྱས་ཏེ། རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་སྔ་མོ་ནས་འགོད་པ་དང་དུས་རིམ་རྗེས་མའི་ཆབ་སྲིད་གྲོས་མོལ་ནང་ཞུགས་པར་བརྩོན་ལེན་བྱས།

བསྒྲགས་པའི་གནས་ཚུལ་ལྟར་ན། དེ་ནི་འདས་པའི་ལོ་ངོ་དྲུག་ཅུའི་ནང་སྲིད་གཞུང་གིས་ཐོག་དང་པོར་གྲངས་ཉུང་མི་རིགས་དྲག་ཆས་རྩ་འཛུགས་མང་བོའི་བར་གྲོས་མོལ་བྱས་པ་ཡིན་ཞིང་། འཁྲུག་རྩོད་ཕྱོགས་ཡོངས་ནས་མཚམས་འཇོག་པ་དང་ཡུན་རིང་ཞི་བདེ་ལ་བརྩོན་ལེན་བྱེད་པའི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན། ཐེངས་འདིའི་གྲོས་མོལ་ཉིན་གཉིས་ལ་སྤེལ་རྒྱུ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འབར་མའི་གནད་དོན་གྱི་དམིགས་བསལ་བློ་འདོན་པ་ནན་ཝེ་ཀྲི་སོགས་གདན་དྲངས་ནས་གྲོས་མོལ་ལ་བདེན་དཔང་བྱེད་དུ་བཅུག་ཟེར།

དེའི་སྔོན་གྲངས་ཉུང་མི་རིགས་དྲག་ཆས་རྩ་འཛུགས་བཅུ་བདུན་གྱིས་ཟླ10བའི་ཚེས30ཉིན་ནས་ཟླ11པའི་ཚེས2ཉིན་བར་ཁི་ཆན་རང་བཙན་དམག་གི་སྤྱི་ཁྱབ་པུའུ་ཡོད་སའི་ལཱ་ཙཱ་ནས་མཐོ་རིམ་གྲོས་ཚོགས་བསྡུས་ཏེ་ལངས་ཕྱོགས་མཐུན་སྦྱོར་བྱས། ཕྱོགས་ཁག་སོ་སོས་ཆབ་སྲིད་ལམ་ཐིག་འཆར་གཞི་དང་རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན། ཆབ་སྲིད་གྲོས་མོལ་སྤེལ་བ། ཡིད་ཆེས་བསྐྱེད་པའི་བྱེད་ཐབས་སོགས་ཀྱི་ཐད་ཐུན་མོང་གི་ལྟ་ཚུལ་མང་བོ་བྱུང་ཡོད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག