མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁོ་ལོམ་པུ་ཡཱའི་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་ནས་མི13རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-05 15:26

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོ་ལོམ་པུ་ཡཱའི་སྲིད་གཞུང་གིས་ཚེས4ཉིན་བདེན་དཔང་བྱས་དོན། ཁོ་ལོམ་པུ་ཡཱའི་ལྷོ་ནུབ་ཕྱོགས་ཀྱི་ཁའོ་ཁཱ་ཞིང་ཆེན་ནས་ཉིན་དེར་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་སྟེ། མིག་སྔར་མི13རྐྱེན་ལམ་དུ་ཤོར་བ་དང་། མི61ལ་རྨས་ཕོག་ཟེར།

ཁའོ་ཁཱ་ཞིང་ཆེན་གྱི་ཧན་པཱ་ལོ་གྲོང་ཁྱེར་གྱི་ཧྲི་ཀྲང་ཏཱ་ཀུའུ་ཨ་ཡིས་ས་དེའི་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དོན་རྐྱེན་བྱུང་སྐབས་འགྲུལ་སྐྱེལ་རླངས་འཁོར་དེ་ཁའོ་ཁཱ་ཞིང་ཆེན་གྱི་ཐའོ་ལི་ཝེ་ཨོ་ནས་ལམ་དུ་ཆས་པ་ཡིན་ལ། རླངས་འཁོར་དེའི་འདྲུད་ཚད་མི40ཡིན་ཡང་། དོན་དངོས་སུ་མི100ཙམ་དྲུད་ཡོད་ལ། འགྲུལ་བ་མང་ཤོས་ནི་འདུ་ཚོགས་ལ་ཞུགས་རྗེས་ཕྱིར་རང་ཁྱིམ་དུ་ལོག་པའི་ས་དེའི་སྡོད་དམངས་རེད། རླངས་འཁོར་དེ་ཧན་པཱ་ལོ་གྲོང་ཁྱེར་ཉེ་འདབས་སུ་བགྲོད་སྐབས་གློ་བུར་དུ་གཞུང་ལམ་ལས་ཤོར་ནས། གྲོག་རོང་དུ་ལྷུང་བ་དང་། རླངས་འཁོར་དེ་སྨིད80ཙམ་གྱི་ཟབ་སར་ལྷུང་བ་རེད་ཟེར།

ཏཱ་ཀུའུ་ཨ་ཡིས་བཤད་རྒྱུར། རྒུད་སྐྱོབ་མི་སྣས་ཤི་བོའི་བེམ་པོ13རྙེད་པ་དང་། རྨས་མ61པོ་ཚང་མ་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད། ས་དེར་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་ཁ་དར་བའི་དབང་གིས་འཕྲིན་གཏོང་ལ་གཏོར་བརླག་ཐེབས་ཡོད་པས། རྒུད་སྐྱོབ་བྱ་བར་དཀའ་ཁག་ཆེན་པོ་བཟོས་ཡོད་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག