མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སོ་ཏི་ཨ་རབ་དང་ཨ་མེ་རི་ཁས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྲ་ཞིང་བརྟན་པ་ནན་བཤད་བྱས་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-05 15:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་ཏི་ཨ་རབ་གྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སར་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་གཉིས་ཀྱིས་ཚེས4ཉིན་ལེ་ཡཱ་ཏི་ནས་ནན་གྱིས་བསྟན་དོན། སོ་ཏི་ཨ་རབ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྔར་བཞིན་སྲ་ཞིང་བརྟན་པོ་ཡིན་ཟེར།

ཁི་ལེ་ཡིས་སོ་ཏི་ཨ་རབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་དང་ཐུག་འཕྲད་བྱས་རྗེས་ཧྥེ་སར་དང་མཉམ་དུ་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁ་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བ་ནི་འཐབ་ཇུས་རང་བཞིན་ལྡན་པ་ཞིག་ཡིན་ཞིང་། དུས་ཚོད་ཀྱི་ཉམས་ཚོད་ཐེག་ཐུབ་ཟེར། ཁོས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་སི་རི་ཡཱ་སོགས་གནད་དོན་ཐད་ཀྱི་ལྟ་ཚུལ་དང་དམིགས་འབེན་ལ་རྩ་བའི་འགལ་བ་མེད་ཟེར།

ཧྥེ་སར་གྱིས་བཤད་རྒྱུར། སོ་ཏི་ཨ་རབ་དང་ཨ་མེ་རི་ཁའི་མཛའ་མཐུན་འབྲེལ་བ་ནི་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་ལས། རྣམ་དག་མངོན་གསལ་གྱི་རྨང་གཞིའི་སྟེང་བཙུགས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་གནད་དོན་རེ་འགའི་ཐད་ཀྱི་ལྟ་ཚུལ་ལ་ཁྱད་པར་ཡོད་པ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཚོན་ན་ཆེས་རྒྱུན་ལྡན་གྱི་གནད་དོན་ཞིག་ཡིན་པས། རྒྱལ་ཁབ་གཉིས་ཀྱིས་རྒྱུན་དུ་གྲོས་མོལ་བྱས་ན་ཐུན་མོང་གི་ལྟ་ཚུལ་འབྱུང་སྲིད་ཟེར།

ཁོས་བཤད་རྒྱུར། སོ་ཏི་ཨ་རབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཏུ་བདམས་པ་དང་ལེན་མ་བྱས་པ་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ། སི་རི་ཡཱ། དབུས་ཤར་གྱི་གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་ལྡན་པའི་མཚོན་ཆ་སོགས་གནད་དོན་ཕན་ནུས་ལྡན་པར་ཐག་གཅོད་བྱེད་མ་ཐུབ་པས་ཡིན་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག