མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱ་རྒྱལ་ཁབ་ཀྱིས་འཐབ་འཁྲུག་གི་སྐབས་སུ་མང་ཚོགས་ཀྱི་སྨན་བཅོས་ཆ་རྐྱེན་ལ་འགན་སྲུང་བྱེད་རྒྱུ་ནན་བཤད་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-05 15:25

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་གཞོན་པ་མེ་ཁི་ཏཱ་ཏི་ཡིས་ཚེས4ཉིན་ཏཱ་མཱ་ཧྲི་ཀི་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། སི་རི་ཡཱའི་སྲིད་གཞུང་གིས་རང་ནུས་ཅི་ལྕོགས་ཀྱིས་སི་རི་ཡཱའི་མང་ཚོགས་ལ་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། ཁྱད་པར་དུ་སི་རི་ཡཱའི་བྱིས་པར་རྒྱུངས་པ་ཐལ་འགྱུར་གྱི་འགོག་སྨན་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

མེ་ཁི་ཏཱ་ཏི་ཡིས་བསྟན་དོན། སི་རི་ཡཱའི་སྲིད་གཞུང་གིས་སི་རི་ཡཱའི་མི་ཚང་མར་དགོས་ངེས་ཀྱི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས་པར་མ་ཟད། སི་རི་ཡཱའི་མངའ་ཁོངས་ཀྱི་ས་གནས་གང་རུང་གི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་བར་ཆད་བཟོ་མི་སྲིད་པར་ཁས་ལེན་བྱས། ཁོས་བཤད་རྒྱུར། སྨན་ཁང་དང་མྱུར་སྐྱོབ་རླངས་འཁོར་ལ་གཏོར་བརླག་གཏོང་མཁན་ནི་དྲག་ཆས་འཇིགས་སྐུལ་ཚོགས་ཁག་གི་བྱ་སྤྱོད་ཡིན་པ་དང་། མི་དེ་དག་གིས་དགོས་མཁོ་ཡོད་པའི་མང་ཚོགས་ལ་སྨན་བཅོས་ཞབས་ཞུ་ཐོབ་མི་ཐུབ་པར་རེ་བཞིན་ཡོད་ཟེར།

སི་རི་ཡཱའི་ཟིང་འཁྲུག་བྱུང་ནས་ལོ་གཉིས་ལྷག་འགོར་བ་དང་། སི་རི་ཡཱའི་རྒྱལ་ནང་གི་སྨན་ཁང་སོགས་འཕྲོད་བསྟེན་སྒྲིག་ཆས་ལ་གཏོར་བརླག་ཚབས་ཆེན་ཐེབས་ཏེ། སི་རི་ཡཱའི་མང་ཚོགས་མང་བོས་རྒྱུན་ལྡན་གྱི་སྨན་བཅོས་ཞབས་ཞུ་ཉམས་སུ་མྱོང་མི་ཐུབ་པ་དང་། ཉེ་སྔོན་སི་རི་ཡཱ་ནས་བྱུང་བའི་རྒྱུངས་པ་ཐལ་འགྱུར་གྱི་ནད་ཡམས་དབང་གིས་ལས་རིགས་སོ་སོས་སི་རི་ཡཱའི་རྒྱལ་ནང་གི་འཕྲོད་བསྟེན་གནས་ཚུལ་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག