མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁི་ལེ་ཡིས་ཨ་མེ་རི་ཁས་མུ་མཐུད་དུ་ཨེ་ཅིབ་སྲིད་གཞུང་བར་མཉམ་ལས་ཟབ་མོ་བྱེད་རྒྱུ་ཡིན་པར་བཤད་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-04 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཚེས3ཉིན་ཁེ་རོ་ནས་བསྟན་དོན། ཨེ་ཅིབ་ནི་ཨ་མེ་རི་ཁའི་མཉམ་ལས་གྲོགས་པོ་གཙོ་བོ་ཞིག་ཡིན་པ་དང་། ཨ་མེ་རི་ཁ་རྒྱལ་ཁབ་ཀྱིས་མུ་མཐུད་དུ་ཨེ་ཅིབ་བར་བརྒལ་སྲིད་གཞུང་བར་མཉམ་ལས་ཟབ་མོ་བྱས་ཏེ། ཨེ་ཅིབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཆབ་སྲིད་བར་བརྒལ་ལ་མཉམ་དུ་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར།

ཁི་ལེ་ཡིས་ཉིན་དེར་ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥ་ཧི་མུས་དང་མཉམ་དུ་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁས་མུ་མཐུད་དུ་ཨེ་ཅིབ་བར་བརྒལ་སྲིད་གཞུང་བར་མཉམ་ལས་བྱས་ཏེ། ཨེ་ཅིབ་ཀྱི་གྲོས་ཁང་དང་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་རང་དབང་དང་དྲང་བདེན་གྱིས་སྤེལ་བར་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

ཁི་ལེ་ཡིས་བསྟན་དོན། ཨེ་ཅིབ་ནི་དབུས་ཤར་ས་ཁུལ་གྱི་མགོ་ཁྲིད་མཁན་གལ་ཆེན་ཞིག་ཡིན་པར་མ་ཟད། ཨ་མེ་རི་ཁའི་ས་ཁུལ་དེའི་མཉམ་ལས་གྲོགས་པོ་ཡང་ཡིན། ཨེ་ཅིབ་ཀྱི་ཆབ་སྲིད་བརྟན་འཇགས་དང་དཔལ་འབྱོར་འཕེལ་རྒྱས་དེ་ཨེ་ཅིབ་མི་དམངས་ལ་གལ་འགངས་ཆེ་བའི་ཁར། དབུས་ཤར་ས་ཁུལ་དང་ཨ་མེ་རི་ཁ། ཐ་ན་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལའང་ཤུགས་རྐྱེན་ཅུང་ཆེན་པོ་ཐེབས་སྲིད་ཟེར།

ཨ་མེ་རི་ཁས་ཟླ་སྔོན་མར་ཨེ་ཅིབ་ཀྱི་རོགས་སྐྱོར་བྱ་བ་འགའ་གནས་སྐབས་སུ་མཚམས་འཇོག་རྒྱུ་ཐག་བཅད་པའི་ཐད་ནས་ཁི་ལེ་ཡིས་བསྟན་དོན། བྱ་སྤྱོད་དེ་ནི་ཆད་གཅོད་ཀྱི་སྣང་ཚུལ་ཞིག་མིན་པར་ཨ་མེ་རི་ཁའི་ཕྱི་འབྲེལ་སྲིད་མངོན་པར་མཚོན་ཡོད། ཨ་མེ་རི་ཁས་ཨེ་ཅིབ་མི་དམངས་ཀྱིས་དེང་སྐབས་ཀྱི་བྱ་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། མུ་མཐུད་དུ་རང་ནུས་ཅི་ལྕོགས་ཀྱིས་ཁོ་ཚོར་རོགས་སྐྱོར་སྔར་ལས་མང་བོ་བྱེད་རྒྱུ་ཡིན་ཟེར།

ཁི་ལེ་ཡིས་བསྟན་དོན། ཨ་མེ་རི་ཁས་རྣམ་པ་གང་རུང་གི་དྲག་ཤུགས་དང་འཇིགས་སྐུལ་བྱ་སྤྱོད་ལ་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ཨ་མེ་རི་ཁ་སྲིད་གཞུང་གིས་ཨེ་ཅིབ་སྲིད་གཞུང་དང་དམག་དཔུང་བར་མཉམ་ལས་བྱས་ཏེ། དྲག་ཤུགས་བྱ་སྤྱོད་དང་འཇིགས་སྐུལ་རིང་ལུགས་ལ་མཉམ་དུ་ཆམ་ཕབ་བཏང་ནས་ཞི་ནཱ་ཕྱེད་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

ཧྥ་ཧི་མུས་ཀྱིས་བསྟན་དོན། ཁོས་ཁི་ལེ་ཡིས་ཨེ་ཅིབ་ལ་རྒྱལ་སྤྱིའི་མཉམ་ལས་མཁོ་བའི་སྐབས་སུ་འཚམས་འདྲིར་ཡོང་བར་དགའ་བསུ་ཆེན་པོ་ཞུ་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་ཨེ་ཅིབ་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་ལ་ཡར་སྐུལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ཁེ་ཕན་དང་མི་དམངས་ཀྱི་རེ་འདོད་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག