མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐུར་ཁེ་རྒྱལ་ཁབ་ཀྱིས་འཐབ་འཛིང་གནམ་གྲུ་བཀོལ་ནས་སི་རི་ཡཱའི་འཐབ་འཛིང་གནམ་གྲུ་བཀག་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-04 11:14

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་དྲག་ཆས་དམག་དཔུང་གི་སྤྱིའི་ཇུས་འདོན་ཁང་གིས་ཚེས3ཉིན་རང་གི་དྲ་ཚིགས་སྟེང་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཐུར་ཁེ་ཡིས་སི་རི་ཡཱའི་འཐབ་འཛིང་གནམ་གྲུ་ཞིག་རྒྱལ་མཚམས་ས་ཁུལ་དུ་ཉེ་བ་ཤེས་བ་དང་། ཐུར་ཁེ་དམག་ཕྱོགས་ཀྱིས་མྱུར་མོར་མཐའ་མཚམས་མཁའ་དམག་རྟེན་གཞི་ནས་འཐབ་འཛིང་གནམ་གྲུ་མངག་གཏོང་བྱས་ཏེ་བཀག་འགོག་བྱས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཐུར་ཁེའི་གནམ་གྲུས་སི་རི་ཡཱའི་སུའུ-24རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་སི་རི་ཡཱ་དང་ཐུར་ཁེའི་ལྷོ་ཕྱོགས་ཀྱི་ཧཱ་ཐཱ་དབྱེ་ཞིང་ཆེན་གྱི་མཐའ་མཚམས་ས་ཁུལ་དུ་འཕུར་ཡོང་བ་ཤེས་རྗེས། ཐུར་ཁེའི་མཁའ་དམག་གིས་མྱུར་དུF-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་མངག་སྟེ་བཀག་འགོག་བྱེད་རྩིས་བྱས་ཀྱང་། སི་རི་ཡཱའི་འཐབ་འཛིང་གནམ་གྲུ་དེ་ཐུར་ཁེ་དང་སི་རི་ཡཱའི་མཐའ་མཚམས་ས་ཁུལ་དང་བར་ཐག་སྤྱི་ལེ་དྲུག་ཡོད་པའི་མཚམས་སུ་མྱུར་མོར་ཁ་ཕྱིར་བསྒྱུར་ཏེ་འཕུར་བ་རེད་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག