མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འབར་མ་སྲིད་གཞུང་གིས་གྲངས་ཉུང་མི་རིགས་དྲག་ཆས་སྒྲིག་འཛུགས་བར་དམག་མཚམས་འཇོག་པའི་ཆོད་ཡིག་ལ་མིང་རྟགས་འགོད་རྒྱུ་ཡིན་པ།

རྩོམ་པ་པོ། བཀྲ་ཤིས་བཟང་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-11-02 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་1ཉིན། འབར་མའི་ཙུང་ཐུང་ཝུའུ་ཏེང་ཧྲེང་གིས་ཟླ་འཁོར་རེའི་འཆར་ཅན་རླུང་འཕྲིན་གཏམ་བཤད་སྤེལ་སྐབས། སྲིད་གཞུང་གིས་གྲངས་ཉུང་མི་རིགས་དྲག་ཆས་སྒྲིག་འཛུགས་ཚང་མའི་བར་རྒྱལ་ཡོངས་སུ་དམག་མཚམས་འཇོག་པའི་ཆོད་ཡིག་ལ་མིང་རྟགས་བཀོད་ནས། དུས་མཚམས་རྗེས་མའི་ཆབ་སྲིད་སྐད་ཆ་ཤོད་རེས་དངོས་སུ་འགོ་འཛུགས་རྒྱུར་སྟབས་བདེ་བསྐྲུན་རྒྱུ་ཡིན་ཞེས་གསུངས་འདུག

འདས་ཟིན་པའི་ལོ་ངོ་བཅུ་གྲངས་ཁ་ཤས་རིང་། འབར་མའི་མངའ་ཁོངས་སུ་གྲངས་ཉུང་མི་རིགས་ཀྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་ཁག་མང་པོ་གནས་ཡོད། ཝུའུ་ཏེང་ཧྲེང་གིས་འགོ་ཁྲིད་གནང་བའི་སྐབས་འདིའི་འབར་མའི་སྲིད་གཞུང་གིས་སྤྱི་ལོ་2011ལོའི་སྤྱི་ཟླ3པ་ནས་སྲིད་དབང་བཟུང་ཚུན། མི་རིགས་འཆམ་མཐུན་འཕེལ་རིམ་ལ་སྐུལ་སྤེལ་ཧུར་ཐག་བཏང་ཡོད་པ་དང་། སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་སྒྲིག་འཛུགས་ཆེ་ཤོས་ཏེ་ཁེ་ལུན་མི་རིགས་མནའ་འབྲེལ་ཚུད་པའི་གྲངས་ཉུང་མི་རིགས་དྲག་ཆས་ཁག་བཅུ་གྲངས་ཁ་ཤས་བར་དམག་མཚམས་འཇོག་ཐུབ་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག