མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐེ་ལན་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྨད་པས་དམིགས་བསལ་གྱི་བཙོན་གྲོལ་གཏོང་བའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་འཆམ་བྱས་པ།

རྩོམ་པ་པོ། བཀྲ་ཤིས་བཟང་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-11-02 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་1ཉིན་གྱི་ཐོ་རེངས་སུ་ཐེ་ལན་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྨད་པས་རྩོད་གཞི་ཆེན་པོ་ལྡན་པའི་དམིགས་བསལ་གྱི་བཙོན་གྲོལ་གཏོང་བའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་འཆམ་བྱས་ཡོད་པ་རེད། གལ་ཏེ་ཁྲིམས་གཞི་དེར་གྲོས་ཚོགས་སྟོད་པར་གྲོས་འཆམ་བྱུང་ནས་རྒྱལ་པོས་མིང་རྟགས་བཀོད་དེ་ནུས་པ་ཡོད་པ་ཆགས་ཚེ། ཕྱི་རྒྱལ་དུ་ཡུལ་གྱར་དུ་སོང་བའི་ཙུང་ལི་ཟུར་པ་ཐ་ཤིན་རྒྱལ་ནང་དུ་ལོག་རྒྱུར་ལམ་བུ་སྐྲུན་ཐུབ་ཀྱི་ཡོད་པ་རེད། ཁྲིམས་གཞི་དེ་འབྲི་འགོ་འཛུགས་པའི་བརྒྱུད་རིམ་ནང་དཀའ་ཚེགས་ཆེན་པོ་འཕྲད་ཡོད། ཁྲིམས་གཞི་དེའི་རྐྱེན་གྱིས་ཁེ་ཕན་ཐོབ་པའི་གཞི་ཁྱོན་ཆེན་པོ་ཡོད་པ་དང་། ཕྱི་རྒྱལ་དུ་ཡུལ་གྱར་དུ་སོང་བའི་ཙུང་ལི་ཟུར་པ་ཐ་ཤིན་ཡང་ཚུད་ཡོད་པས། ངོ་རྒོལ་ཤོག་ཁག་གིས་ངོ་རྒོལ་དྲག་པོ་བྱས་འདུག ཐ་ཤིན་ཕུད། ད་དུང་དམངས་གཙོ་ཏང་གི་འགོ་འཛིན། ཙུང་ལི་ཟུར་པ་ཨ་ཕི་ཧྲེ་དང་དེ་བཞིན་ཙུང་ལི་ཟུར་པ་གཞོན་པ་སུག་ཐལ་སོགས་ལའང་ཕན་པ་ཐོབ་ཀྱི་ཡོད། ཨ་ཕོ་ཧྲེ་དང་སུག་ཐལ་གྱིས་སྤྱི་ལོ་2010ལོར་སྟོད་གོས་དམར་པོ་ཚོགས་པའི་འདུ་འཛོམས་ལ་དྲག་ཤུགས་སྤྱོད་དགོས་པའི་བཀའ་བཏང་བས་ལྐོག་གསོད་བྱས་པའི་སྐྱོན་འཛུགས་བྱས་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག