མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་བྷང་ག་ལ་རྒྱལ་ཁབ་ཀྱི་ཕྱོགས་ཁག་ནས་བཟོད་སྒོམ་རྒྱུན་འཁྱོངས་བྱེད་དགོས་པའི་རེ་འབོད་གནང་བ།

རྩོམ་པ་པོ། སྐྱིད་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-11-02 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་སྤྱི་ཟླ་10ཚེས་31ཉིན་ཁོང་གི་མགྲིན་ཚབ་པ་བརྒྱུད་གསལ་བསྒྲགས་སྤེལ་ནས། བྷང་ག་ལ་རྒྱལ་ཁབ་ལ་ལས་མཚམས་ཆེན་པོ་བཞག་པ་ལས་ཐོན་པའི་གདོང་ཐུག་ལ་དོ་ཁུར་ཆེན་པོ་གནང་བ་དང་ཆབས་ཅིག ཕྱོགས་ཁག་ནས་བཟོད་སྒོམ་རྒྱུན་འཁྱོངས་བྱས་ནས་བྷང་ག་ལས་བྱེད་གྲབས་ཡོད་པའི་འདེམས་བསྐོ་ཆེན་པོར་ཕན་ཡོད་ཆ་རྐྱེན་སྐྲུན་དགོས་པའི་རེ་འབོད་གནང་ཡོད་པ་རེད།

བྷང་ག་ལ་རྒྱལ་ཁབ་ཀྱི་སྐབས་འདིའི་སྲིད་གཞུང་གི་འགན་ཡུན་སྤྱི་ལོ་2014ལོའི་སྤྱི་ཟླ་1ཚེས་24ཉིན་ཐིམ་གྱི་ཡོད་པ་དང་། ངོ་རྒོལ་ཏང་མི་རིགས་རིང་ལུགས་ཏང་གིས་འདེམས་བསྐོ་དེའི་གོང་གི་ཉིན་90ནང་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། མི་རིགས་རིང་ལུགས་ཏང་གིས་སྲིད་འཛིན་ཏང་བྷང་ག་ལ་མི་དམངས་མནའ་འབྲེལ་གྱིས་ཏང་ཤོག་མི་སྣ་མིན་པས་ནང་བློན་ཁང་བཙུགས་ནས་འདེམས་བསྐོ་ཆེན་པོ་གཙོ་སྐྱོང་བྱེད་རྒྱུ་སླར་གསོ་བྱེད་དགོས། དེ་ལྟར་མ་བྱས་ཚེ་འདེམས་བསྐོའི་ནང་ཞུགས་རྒྱུ་མིན་ཞེས་བཤད་ཡོད་པ་རེད།

མི་རིགས་རིང་ལུགས་ཏང་གིས་སྤྱི་ཟླ་10ཚེས་27ཉིན་དུས་ཡུན་ཉིན་གསུམ་རིང་གི་རྒྱལ་ཡོངས་ལས་མཚམས་ཆེན་པོ་འཇོག་རྒྱུ་སྐུལ་སློང་བྱས་པ་དང་སྲིད་གཞུང་སྲིད་སྟེགས་ནས་འབབ་དགོས་པ་མ་ཟད། གནས་སྐབས་ནང་བློན་འཛུགས་རྒྱུའི་རེ་བ་བཏོན་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག