མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕ་ལེ་སི་ཐན་ནས་གློད་འགྲོལ་བྱས་པའི་བཙོན་པ་26ཕ་ཡུལ་དུ་ལོག་པ།

རྩོམ་པ་པོ། མཚམས་གཅོད།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-11-02 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ10བའི་ཚེས་30ཉིན་གྱི་ཐོ་རེངས་ཆུ་ཚོད་1པོ་དང་སྐར་མ་10ཡི་ཡས་མས་སུ། དབྱི་སི་རན་གྱིས་གློད་འགྲོལ་བཏང་བའི་ཕ་ལེ་སི་ཐན་བ་26ཅོར་ཏན་ཆུ་བོའི་ནུབ་རྒྱུད་གྲོང་ཁྱེར་ལ་མོ་ཨན་ལ་དང་ག་ཧྲ་ས་ཁོངས་སུ་འབྱོར་བ་རེད།

ཕ་ལེ་སི་ཐན་གྱི་མི་དམངས་སྟོང་ཕྲག་ལྷག་གིས་ལ་མོ་ཨན་ལར་གནས་པའི་ཙུང་ཐུང་ལས་ཤག་ཉེ་འགྲམ་གྱི་ཐང་ཆེན་དུ་འདུ་འཛོམས་བྱས་ནས། གློད་འགྲོལ་བྱུང་བའི་མི་26ལ་བསུ་བ་ཞུས་ཡོད། དེ་ནི་དབྱི་སི་རན་ཕྱོགས་ནས་ད་ལོ་གློད་འགྲོལ་བྱས་པའི་ཕ་ལེ་སི་ཐན་གྱི་བཙོན་པ་ཁག་གཉིས་པ་དེ་ཡིན་པ་རེད།

དུས་ཡུན་ལོ་གསུམ་རིང་བར་མཚམས་ཆད་པའི་ཕ་ལེ་སི་ཐན་དང་དབྱི་སི་རན་གྱི་ཞི་གྲོས་ད་ལོའི་སྤྱི་ཟླ་7པའི་ཟླ་མཇུག་ཏུ་སླར་ཡང་འགོ་ཚུགས་ནས། དུས་ཡུན་རིང་པོ་བཀག་ཉར་བྱས་པའི་ཕ་ལེ་སི་ཐན་གྱི་བཙོན་པ་གློད་འགྲོལ་བྱས་པ་ནི་ཕ་ལེ་སི་ཐན་ཕྱོགས་ནས་བཏོན་པའི་ཞི་གྲོས་སླར་གསོ་ཡོང་བའི་ཆ་རྐྱེན་གསུམ་གྱི་གྲས་ཤིག་ཡིན་པ་དང་། དེ་ཡང་དབྱི་སི་རལ་གྱི་ཕྱོགས་ཀྱིས་ཞི་གྲོས་སླར་གསོ་ཡོང་ཆེད་ལྷག་བསམ་རྣམ་དག་མཚོན་པ་ཞིག་ལ་བརྩི་གི་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག