མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་བཙོན་མ་སྐོར་ཐེངས་གཉིས་པ་བཙོན་གྲོལ་བཏང་བ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-01 11:11

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10བའི་ཚེས29ཉིན་ནས་དགོང་མོ་ནས་ཚེས30ཉིན་གྱི་ཞོགས་པའི་བར། དབྱི་སི་རལ་སྲིད་གཞུང་གིས་བཀག་འཇུག་བྱས་པའི་ཕཱ་ལེ་སི་ཐན་གྱི་བཙོན་མ་སྐོར་ཐེངས་གཉིས་པ་བཙོན་གྲོལ་བཏང་།

ཐེངས་འདིར་བསྡོམས་པས་ཕཱ་ལེ་སི་ཐན་གྱི་མི་ཉེར་དྲུག་བཙོན་གྲོལ་བཏང་བ་དང་། དེའི་ནང་མི་ཉེར་གཅིག་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་རུ་སོང་བ་དང་། དེའི་འཕྲོ་མའི་བཙོན་མ་ལྔ་ཅཱ་ཧྲ་ས་ཁུལ་དུ་བསྐྱལ་བ་རེད།

བཙོན་མ་དེ་དག་ཁྲོད་མི་ལ་ལ་དབྱི་སི་རལ་གྱི་མིར་དམིགས་པའི་འཇབ་རྒོལ་དོན་རྐྱེན་ནང་ཞུགས་མྱོང་སྟབས། ཕཱ་ལེ་སི་ཐན་གྱི་བཙོན་མ་ཕྱིར་གཏོང་བའི་ཆོད་དོན་དེར་གནོད་ཐེབས་མཁན་གྱི་ཁྱིམ་མི་དང་དབྱི་སི་རལ་གཡས་ཕྱོགས་མི་སྣས་ངོ་རྒོལ་བྱས། ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་དབྱི་སི་རལ་གྱི་མི་སྟོང་གསུམ་ལྷག་གིས་ཨོ་ཧྥོ་བཙོན་ཁང་གི་ཉེ་སར་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ། སྲིད་གཞུང་གིས་བཙོན་མ་ཕྱིར་གཏོང་བའི་ཆོད་དོན་དེ་མེད་པར་བཟོ་དགོས་པའི་རེ་བ་བཏོན།

དབྱི་སི་རལ་གྱི་དཔལ་འབྱོར་པུའུ་ཀྲང་པེ་ནེ་ཐི་གཙོ་བྱས་པའི་དབྱི་སི་རལ་གཡས་ཕྱོགས་སྲིད་ཏང་གིས་ཀྱིས་སྲིད་གཞུང་གི་ཆོད་དོན་དེར་ངོ་རྒོལ་བྱས་ཀྱང་། དབྱི་སི་རལ་སྲིད་གཞུང་གིས་སྔར་བཞིན་ཕཱ་ལེ་སི་ཐན་གྱི་མི་བཙོན་གྲོལ་བཏང་བ་རེད། ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བསྟན་དོན། ཁོས་དབྱི་སི་རལ་གྱི་གནོད་ཐེབས་མཁན་གྱི་ཁྱིམ་མིས་སེམས་སྡུག་ཆེན་པོ་བྱེད་བཞིན་པ་ཚོར་ཐུབ་ཀྱང་། མིག་སྔའི་གནས་བབ་ལ་མཚོན་ནས་བཤད་ན། ཕཱ་ལེ་སི་ཐན་གྱི་མི་བཙོན་གྲོལ་གཏོང་བ་ནི་དཀའ་ཁག་ཆེ་ལ་འགན་ཁུར་བའི་ཆོད་དོན་ཞིག་ཡིན་ཟེར། ཟླ་བཅུ་བའི་ཚེས་ཉེར་དགུའི་ཉིན་གྱི་དགོང་མོར། དབྱི་སི་རལ་གྱི་མཐོ་རིམ་ཁྲིམས་ཁང་གིས་གནོད་ཐེབས་མཁན་གྱི་ཁྱིམ་མིས་རྩ་འཛུགས་བྱས་ཏེ་བཏོན་པའི་བཙོན་མ་ཕྱིར་གཏོང་བར་འཐད་པ་མིན་པའི་རེ་འདོད་སྙན་ཞུ་དང་ལེན་མ་བྱས།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག