མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་སོ་ཏི་ཨ་རབ་རྒྱལ་ཁབ་ཏུ་འཚམས་འདྲི་བྱས་ཏེ་འབྲེལ་བ་སླར་གསོ་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-01 11:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ10བའི་ཚེས31ཉིན་གསལ་སྒྲོག་སྤེལ་གཏེ། རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཟླ11པའི་ཚེས3ཉིན་ནས་བཟུང་རྒྱལ་ཁབ་འགར་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། དེའི་ནང་ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཀྱི་ལས་འགན་དང་ལེན་མ་བྱས་པའི་དབང་གིས་ཨ་མེ་རི་ཁའི་བར་གྱི་འབྲེལ་བ་ཇེ་སྡུག་ཏུ་སོང་བའི་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱང་ཡོད་ཟེར།

གསལ་སྒྲོག་ལྟར་ན། ཁི་ལེ་ཡིས་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་དང་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་དང་ས་ཁུལ་གྱི་གླེང་གཞི་མང་བོར་གྲོས་བསྡུར་བྱེད་རྒྱུ་རེད། ཕྱོགས་གཉིས་ཀྱིས་ཨ་མེ་རི་ཁ་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བའི་འཐབ་ཇུས་ངོ་བོ་བསྐྱར་སྒྲོག་བྱེད་རྒྱུ་མ་ཟད། ཕྱོགས་གཉིས་ཀྱིས་ཐུན་མོང་གི་འགྲན་རྩོད་ཐག་གཅོད་བྱེད་པའི་ཐད་བསྒྲུབ་པའི་བྱ་བ་དང་། སོ་ཏི་ཨ་རབ་ཀྱིས་ས་ཁོངས་ནས་འདོན་སྤེལ་བྱས་པའི་མགོ་ཁྲིད་ནུས་པ་བཅས་ལ་གྲོས་བསྡུར་བྱེད་རྒྱུ་རེད།

གསལ་སྒྲོག་ལས་བཤད་རྒྱུར། སོ་ཏི་ཨ་རབ་ལས་གཞན། ཁི་ལེ་ཡིས་ད་རུང་ཕོ་ལན་དང་། དབྱི་སི་རལ། ཕཱ་ལེ་སི་ཐན། ཅོར་ཏན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཨར་ཅི་རི་ཡཱ། མའོ་ལོ་ཀི་བཅས་ལ་འཚམས་འདྲི་བྱེད་རྒྱུ་རེད། ཁོས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་མགོ་ཁྲིད་པར་ཐུག་འཕྲད་བྱེད་སྐབས་དབུས་ཤར་ཞི་བདེ་འཕེལ་རིམ་ལ་ཡར་སྐུལ་བྱེད་རྩིས་ཡོད་པར་མ་ཟད། དབྱི་སི་རལ་གྱི་དཔོན་རིགས་དང་མཉམ་དུ་དབྱི་ལིང་གི་གནད་དོན་ལ་གྲོས་བསྡུར་བྱེད་རྩིས་ཡོད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག