མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མའོ་སིང་པུས་ཁི་ནས་གཞི་རྒྱ་ཆེ་བའི་ཁྲོམ་སྐོར་བྱ་འགུལ་སྤེལ་ཏེ་བདེ་སྲུང་གནས་བབ་ཇེ་སྡུག་ཏུ་སོང་བར་ངོ་རྒོལ་བྱས་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-01 11:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མའོ་སིང་པུས་ཁིའི་རྒྱལ་ས་མཱ་ཕུའུ་ཐའོ་ནས་ཟླ10བའི་ཚེས31ཉིན་གཞི་རྒྱ་ཆེ་བའི་ཁྲོམ་སྐོར་བྱ་འགུལ་སྤེལ་བ་དང་། མི་ཁྲི་གཅིག་ལྷག་སྲང་ལམ་དུ་སོང་ནས་མའོ་སིང་པུས་ཁིའི་ཉེ་སྔོན་གྱི་བདེ་འཇགས་སྲུང་སྐྱོབ་གནས་བབ་ཇེ་སྡུག་ཏུ་སོང་བ་དང་། ཁྱད་པར་དུ་བཙན་ཁྲིད་ཚོགས་ཁག་གི་ཁ་དར་ནས་ཡང་ནས་ཡང་དུ་བཙན་ཁྲིད་དོན་རྐྱེན་བཟོས་ཀྱང་། དབང་འཛིན་ལས་ཁུངས་ལ་བྱེད་ཐབས་ནུས་ལྡན་མེད་ལ། ཐ་ན་ཉེན་རྟོག་པ་རེ་འགའ་ཐད་ཀར་ནག་ཉེས་ནང་ཞུགས་པར་ངོ་རྒོལ་བྱས། རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་ཉེན་རྟོག་པའི་སྤྱི་ཁྱབ་དཔོན་པོས་ལས་འགན་བསྐྱུར་དགོས་པའི་ཁ་གཡང་བསྒྲགས།

རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཉིན་དེའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་དེ་མའོ་སིང་པུས་ཁིའི་སྲིད་གཞུང་མིན་པའི་རྩ་འཛུགས་འགས་མཉམ་འབྲེལ་གྱིས་འཆར་འགོད་བྱས་པ་ཡིན་ཞིང་། རྔམ་སྟོན་རུ་ཁག་རྒྱལ་སའི་ཕྱོགས་སོ་སོ་ནས་ལམ་དུ་ཆས་ནས་མཇུག་མཐར་མཱ་ཕུའུ་ཐའོ་གྲོང་ཁྱེར་ལྟེ་གནས་ཀྱི་རང་བཙན་ཐང་ཆེན་དུ་འདུས། རྔམ་སྟོན་ཁྲོམ་སྐོར་དེ་ཞི་བའི་སྒོ་ནས་མཇུག་སྒྲིལ་བ་དང་། མིག་སྔར་མི་སྣ་ཤི་རྨས་སོགས་ཀྱི་གནས་ཚུལ་ཅི་ཡང་བསྒྲགས་མེད།

ཐེངས་འདིའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་གྱི་འབྱུང་རྐྱེན་ནི་གཟའ་འཁོར་སྔོན་མའི་གཟའ་མཇུག་ལ་དབུས་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་པེ་ལཱ་ནས་བྱུང་བའི་བཙན་ཁྲིད་དོན་རྐྱེན་དེ་ཡིན་པ་དང་། ལོ་བཅུ་གསུམ་ཅན་གྱི་མི་གཏའ་ཞིག་ལ་བཙན་ཁྲིད་ཉེས་ཅན་གྱིས་དུས་ཡུན་རིང་བོར་མནར་གཅོད་བྱས་རྗེས་ངན་གསོད་བྱས་པ་རེད། བཙན་ཁྲིད་ཉེས་ཅན་གྱིས་ཐོག་དང་པོར་མི་གཏའི་ཁྱིམ་མི་ལ་མེ་སྒོར་ས་ཡ་གཅིག་གི་བསླུ་ཡོན་དགོས་པར་བཤད་པ་དང་། ཁྱིམ་བདག་གིས་ཉེན་རྟོག་པར་ཡར་ཞུ་བྱས་པ་ཤེས་རྗེས་མི་གཏའ་དམར་གསོད་བཏང་བ་རེད། གནོད་ཐེབས་མཁན་གྱི་ཁྱིམ་མིས་བལྟས་ན། ས་གནས་ཉེན་རྟོག་ཕྱོགས་ལ་མི་གཏའི་ཚེ་སྲོག་ཤོར་བར་གཞོལ་ཐབས་མེད་པའི་འགན་འཁྲི་ཡོད་པར་འདོད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག