མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཅིན་དང་རྒྱལ་སྤྱིའི་ཨོ་རྩལ་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སོ་ཆི་མེ་འཁོར་ས་ཚིགས་ལེགས་འགྲུབ་བྱུང་བའི་མཛད་སྒོར་ཞུགས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-31 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་རྒྱལ་སྤྱིའི་ཨོ་རྩལ་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧི་གཉིས་ཉེ་སྔོན་ཨུ་རུ་སིའི་སོ་ཆིའི་ཨ་ཏི་ལེ་མེ་འཁོར་ས་ཚིགས་གསར་བ་ལེགས་འགྲུབ་བྱུང་བའི་མཛད་སྒོར་ཞུགས།

ཕུའུ་ཅིན་གྱིས་བཤད་རྒྱུར། ཨ་ཏི་ལེ་མེ་འཁོར་ས་ཚིགས་ཀྱི་ཁྱད་ཆོས་ནི་ཆེས་ལེགས་པའི་དངོས་པོའི་འཁོར་རྒྱུག་དང་སྐྱེལ་འདྲེན་ནུས་པ་ཙམ་མ་ཡིན་པར། གཞན་ལས་ཁྱད་དུ་འཕགས་པའི་ལག་རྩལ་ཐག་གཅོད་ཇུས་གཞི་སྟེ། ལྷད་མེད་ཀྱི་ཁང་བའི་རྡོ་སྐས་དང་། ཕན་ནུས་ལྡན་པའི་ནུས་ཁུངས་ཀྱི་ཁྱབ་ཁོངས་གསར་གཏོད། སྤུས་ཚད་མཐོ་བའི་འགན་སྲུང་ལྡན་ལ་བཀག་རྒྱ་མེད་པའི་ཁོར་ཡུག་བཅས་བསྐྲུན་ཡོད་ཟེར། ཕུའུ་ཅིན་གྱིས་ད་རུང་མེ་འཁོར་ས་ཚིགས་གསར་བ་དེའི་ཐུན་མིན་གྱི་ཕྱིའི་རྣམ་པ་དམིགས་སུ་བཀར་ནས་གླེང་བ་དང་། མེ་འཁོར་ས་ཚིགས་དེ་སོ་ཆི་ཡི་མཚོན་རྟགས་ཤིག་ཏུ་འགྱུར་བར་ཡིད་ཆེས་ཡོད་ལ། དེས་བསྐྱར་འཛུགས་བྱས་རྗེས་ཀྱི་གྲོང་ཁྱེར་གྱི་བསམ་པའི་སྣང་ཚུལ་བརྒྱུད་སྒྲོག་བྱེད་ཐུབ་ཟེར།

ཕུའུ་ཅིན་གྱིས་ད་རུང་བཤད་རྒྱུར། དགུན་ཁའི་ཨོ་རྩལ་མགོ་རྩོམ་པར་ཟླ་གསུམ་གྱི་དུས་ཚོད་མ་གཏོགས་མེད་ཅིང་། ང་ཚོས་ལུས་རྩལ་པ་དང་ཟབ་ཞུགས་མཁན། ཨོ་རྩལ་འགྲན་ཚོགས་ཀྱི་སྐུ་མགྲོན་དག་ཧ་ལས་སུ་འཇུག་རྒྱུ་དང་། ཞོར་དུ་ལུས་རྩལ་པ་རང་སྟེང་གི་ཐུན་མིན་ཁྱད་ཆོས་དང་རྩ་འཛུགས་བྱས་པའི་རིག་གནས་ལེ་ཚན་སོགས་བྱ་འགུལ་སྣ་ཚོགས་ཀྱིས་ཁོ་ཚོར་སྤྲོ་བ་སྦྱིན་ཐུབ་པར་རེ་བས་ཁེངས་ཡོད་ལ། ཨ་ཏི་ལེ་མེ་འཁོར་ས་ཚིགས་གསར་བ་ལྟ་བུའི་ཕྱོགས་བསྡུས་རང་བཞིན་ལྡན་པའི་དེང་རབས་ཅན་གྱི་སྤུས་ཚད་མཐོ་བའི་བཟོ་སྐྲུན་མང་བོ་ཆེད་དུ་བཀོད་སྒྲིག་བྱས་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག