མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སིའི་ཙུང་ཐུང་གིས་ཐོག་དང་པོར་སི་ལོ་ཝ་ཁིར་འཚམས་འདྲི་བྱས་པར་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-31 11:04

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་སྤྱི་ཟླ10བའི་ཚེས29ཉིན་སི་ལོ་ཝ་ཁིའི་ཙུང་ཐུང་གིས་གདན་དྲངས་པ་ལྟར་རྒྱལ་ཁབ་དེར་འཚམས་འདྲི་བྱས། ཨོ་ལིང་ཏི་ཡིས་སི་ལོ་ཝ་ཁི་ལ་འཚམས་འདྲི་བྱེད་པའི་དུས་དེ་ཏག་ཏག་སི་ལོ་ཝ་ཁི་རྒྱལ་ཁབ་རང་བཙན་བྱས་ནས་ལོ་འཁོར་ཉི་ཤུ་འགོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ་འཁེལ་ཡོད།

བསྒྲགས་པ་ལྟར་ན། ཨོ་ལིང་ཏི་ཚེས29ཉིན་གྱི་སྔ་དྲོར་སི་ལོ་ཝ་ཁིའི་རྒྱལ་ས་པུའུ་ལཱ་ཏིས་སི་ལཱ་ཧྥ་རུ་འབྱོར་ཏེ། རྒྱལ་ཁབ་དེར་ལོ་རྒྱུས་དང་ཆབ་སྲིད་ཀྱི་ཁྱད་ཆོས་ལྡན་པའི་འཚམས་འདྲི་བྱེད་མགོ་བརྩམས། ཨོ་ལིང་ཏི་དང་མཉམ་དུ་འཚམས་འདྲིར་ཡོང་མཁན་ལ་ད་རུང་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཧྥ་པུས་ཡུག་སི་ཡང་ཡོད་ཟེར།

བསྒྲགས་པ་ལྟར་ན། ཨོ་ལིང་ཏི་ཡིས་སི་ལོ་ཝ་ཁིའི་ཙུང་ཐུང་དབྱེ་ཝན་ཅཱ་ཧྲི་ཕཱ་ལོ་ཝེ་ཆི་དང་ཙུང་ལི་ཧྥེ་ཆའོ་གཉིས་དང་གྲོས་མོལ་བྱེད་རྒྱུ་མ་ཟད། ཧྥ་རན་སི་དང་སི་ལོ་ཝ་ཁིས་འཐབ་ཇུས་གྲོགས་པོའི་འགུལ་སྐྱོད་ཇུས་གཞི་འགོད་པའི་བྱ་འགུལ་ལ་ཞུགས་རྒྱུ་རེད། དེ་ལས་གཞན་ཨོ་ལིང་ཏི་ད་རུང་སི་ལོ་ཝ་ཁིས་རང་བཙན་བྱས་ནས་ལོ་ངོ་ཉི་ཤུ་འགོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་མང་བོར་ཞུགས་རྒྱུ་རེད་ཟེར།

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་ཨེ་ལོས་ཧྲི་ཕོ་བྲང་གིས་བསྟན་དོན། ཨོ་ལིང་ཏི་ཡིས་ཐེངས་འདིར་སི་ལོ་ཝ་ཁི་ལ་འཚམས་འདྲི་བྱས་པ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་འཚམས་འདྲི་ཞིག་ཡིན་ཞིང་། རྒྱུ་མཚན་ནི་སི་ལོ་ཝ་ཁི་རང་བཙན་བྱས་པའི་ཚུན་ལ་ཧྥ་རན་སིའི་ཙུང་ཐུང་གིས་ཐོག་དང་པོར་རྒྱལ་ཁབ་དེར་འཚམས་འདྲི་བྱས་པས་རེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག