མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐུ་ནི་ཞི་ཡཱའི་སྲིད་ཏང་སོ་སོས་གྲོས་ཚོགས་བསྡུས་ནས་ཙུང་ལི་གསར་བའི་འདེམ་བསྐོ་བྱ་བར་གྲོས་བསྡུར་བྱས་ཏེ་ཉམས་ཉེན་ལས་ཐར་བར་རོགས་རམ་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-31 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུ་ནི་ཞི་ཡཱའི་སྲིད་ཏང་སོ་སོའི་མགོ་ཁྲིད་པས་སྤྱི་ཟླ10བའི་ཚེས28ཉིན་གསང་བའི་གྲོས་ཚོགས་བསྡུས་པ་དང་། དེའི་དམིགས་ཡུལ་ནི་ཐུ་ནི་ཞི་ཡཱའི་མ་འོངས་པའི་ཙུང་ལི་གསར་བའི་འདེམ་སྒུག་མི་སྣར་གྲོས་བསྡུར་བྱེད་པའི་ཆེད་དུ་རེད། ཐུ་ནི་ཞི་ཡཱ་རྒྱལ་ཁབ་ཆབ་སྲིད་ཀྱི་ཉམས་ཉེན་ལས་ཐར་བར་བྱེད་ཆེད། ཙུང་ལི་གསར་བའི་མཇུག་མཐའི་འདེམ་སྒུག་མི་སྣ་དེ་ཚེས་ཉེར་བརྒྱད་ནས་བཟུང་གཟའ་འཁོར་གཅིག་གི་ནས་གཏན་འཁེལ་བྱེད་རྒྱུ་རེད།

ཚེས25ཉིན་ཐུ་ནི་ཞི་ཡཱ་ནས་བསྡུས་པའི་གྲོས་མོལ་གྱི་འདུམ་འགྲིག་མཁན་གཙོ་བོ་ཐུ་ནི་ཞི་ཡཱའི་སྤྱིའི་བཟོ་ཚོགས་ཀྱིས་བསྟན་དོན། ཐུ་ནི་ཞི་ཡཱའི་སྲིད་ཏང་སོ་སོའི་མགོ་ཁྲིད་པ་ཉི་ཤུ་ཙམ་གྱིས་རྒྱལ་ཁབ་དེའི་ཙུང་ལི་གསར་བའི་འདེམ་སྒུག་མི་སྣར་གྲོས་མོལ་བྱེད་མགོ་བརྩམས་པ་དང་། སྲིད་ཏང་དེ་དག་གིས་མིང་བཏོན་པའི་འདེམ་སྒུག་མི་སྣར་ཞིབ་བཤེར་བྱེད་རྒྱུ་རེད། རྒྱུས་ལོན་བྱུང་བ་ལྟར་ན། ཙུང་ལི་གསར་བས་དབུས་གནས་ཀྱི་ནེ་ཀི་རྩ་འཛུགས་བྱས་ཏེ་ཐུ་ནི་ཞི་ཡཱའི་སྲིད་ཏང་བསྐྱར་དར་འགུལ་སྐྱོད་ཀྱིས་མགོ་ཁྲིད་པའི་སྲིད་གཞུང་གི་ཚབ་བྱེད་རྒྱུ་རེད།

ཐུ་ནི་ཞི་ཡཱའི་སྤྱིའི་བཟོ་ཚོགས་ཀྱི་འགན་ཁུར་བས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། སྲིད་ཏང་སོ་སོའི་མགོ་ཁྲིད་པས་ཙུང་ལི་གསར་བར་དབུས་གནས་དང་ཡིད་རྟོན་རུང་བ། ཉམས་མྱོང་ཡོད་པ། མགོ་ཁྲིད་ཀྱི་ནུས་པ་ལྡན་པ་སོགས་ཡོངས་ཁྱབ་ཀྱི་བྱང་ཚད་ཅུང་ངེས་ཅན་ལྡན་དགོས་པར་གྲོས་ཐག་བཅད། བསྒྲགས་པའི་གནས་ཚུལ་ལྟར་ན། ཐུ་ནི་ཞི་ཡཱའི་གསར་འགྱུར་ལས་རིགས་དང་སྲིད་ཏང་འགས་སྔ་སྣུར་སྒོས་ཙུང་ལིའི་འདེམ་སྒུག་མི་སྣའི་མིང་ཐོ་བསྒྲགས། དེའི་ནང་དངུལ་ཁང་ལས་རིགས་ཀྱི་མི་སྣ་སོགས་འདུས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག