མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གིས་དམིགས་བསལ་གྲོས་ཚོགས་བསྡུས་ཏེ་ཨ་མེ་རི་ཁའི་ལྐོག་ཉན་དོན་རྐྱེན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-31 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10བའི་ཚེས29ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཉེ་སྔོན་སྔར་ལས་ཛ་དྲག་ཏུ་གྱུར་བའི་ཨ་མེ་རི་ཁའི་ལྐོག་ཉན་དོན་རྐྱེན་ལ་དམིགས་ཏེ། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གིས་སྤྱི་ཟླ11པའི་ཚེས18ཉིན་དམིགས་བསལ་གྲོས་ཚོགས་བསྡུས་ཏེ་དོན་དེར་གྲོས་བསྡུར་བྱེད་རྒྱུ་ཐག་བཅད། རྒྱུས་ལོན་བྱུང་བ་ལྟར་ན། གྲོས་ཚོགས་དེ་ནས་རྟོག་ཞིབ་ཚན་ཆུང་འཛུགས་མིན་ལ་བརྡས་ཐག་གཅོད་རྒྱུ་རེད།

བསྒྲགས་པ་ལྟར་ན། ཉེ་སྔོན་ཨ་མེ་རི་ཁའི་གསང་འཕྲིན་སྡེ་ཁག་གིས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་འཇར་མན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ལ་ལྐོག་ཉན་བྱས་པའི་དོན་དེ་འཇར་མན་ཆབ་སྲིད་ལས་རིགས་ཀྱིས་གྲོས་བསྡུར་བྱེད་པའི་གླེང་གཞི་གཙོ་བོར་གྱུར་ཡོད།

འཇར་མན་གྱིས་ཉེ་སྔོན་གྲོས་ཚོགས་དེ་བསྡུ་བར་མཇུག་མཐའི་ཐག་གཅོད་བྱེད་པར་གྲོས་བསྡུར་བྱས། འཇར་མན་མནའ་འབྲེལ་ཏང་གི་མགྲིན་ཚབ་པས་ཚེས28ཉིན་པོ་ལིན་ནས་བསྟན་དོན། མནའ་འབྲེལ་ཏང་གྲོས་ཁང་ཏང་ཚོགས་ཀྱི་ཀྲུའུ་ཞི་ཁའོ་ཏི་དང་སྤྱི་ཚོགས་དམངས་གཙོ་ཏང་ཚོགས་ཀྱི་ཀྲུའུ་ཞི་ཧྲི་ཐེ་ཡུན་མེད་ཨར་གྱིས་གྲོས་ཚོགས་བསྡུས་ཏེ་ཐུན་མོང་གི་ལྟ་ཚུལ་བྱུང་ཡོད། ཐེངས་འདིའི་གྲོས་ཚོགས་སྐབས་སུ་མའོ་ཁི་ཨར་གྱི་ལག་ཁྱེར་ཁ་པར་ལ་ཨ་མེ་རི་ཁའི་གསང་འཕྲིན་ལས་ཁུངས་ཀྱིས་ལྐོག་ཉན་བྱས་པའི་གནད་དོན་ནི་གླེང་གཞི་གཙོ་བོར་འགྱུར་སྲིད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག