མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རིའི་གསང་འཕྲིན་ལས་ཁུངས་ཀྱིས་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣར་ལྐོག་ལྟ་ལྐོག་ཉན་བྱས་པར་ངོ་རྒོལ་བྱས་པ།

རྩོམ་པ་པོ། བཀྲ་ཤིས་བཟང་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-31 09:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་28ཉིན་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྟོད་པའི་གསང་འཕྲིན་དམིགས་བསལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཏད་ཨན་གནག་ཧྥན་སེ་ཐན་གྱིས། ཁོང་གིས་ཨ་རིའི་གསང་འཕྲིན་ལས་ཁུངས་ཀྱིས་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་འཁྲིད་མི་སྣར་ལྐོག་ལྟ་ལྐོག་ཉན་བྱས་པར་ངོ་རྒོལ་བྱེད་རྒྱུ་ཡིན། རྒྱལ་ཚོགས་ཀྱིས་གསང་འཕྲིན་ལྐོག་ལྟ་ལྐོག་ཉན་བྱས་པའི་རྣམ་གྲངས་ཡོངས་ལ་བརྟག་དཔྱད་ནན་པོ་བྱེད་དགོས་ཞེས་དང་། ཏད་ཨན་གནག་ཧྥན་སེ་ཐན་གྱིས་ཉིན་དེ་རང་དུ་གསལ་བསྒྲགས་སྤེལ་ནས། ཁོང་གིས་ཨ་རིའི་རྒྱལ་ཁབ་བདེ་འཇགས་ཅུད་ཀྱིས་ཧྥ་རན་སི་དང་། སི་ཕན། མོ་ཞི་ཁོ། འཇར་མན་སོགས་ཨ་རིའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་འཁྲིད་མི་སྣའི་གསང་འཕྲིན་ལྐོག་ལྟ་ལྐོག་ཉན་བྱས་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། དགྲ་འཛིན་རྒྱལ་ཁབ་བམ་ཡང་ན་ཛ་དྲག་གནས་ཚུལ་ཕུད། ཨ་རིས་མཛའ་གྲོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཁ་པར་དང་གློག་རྡུལ་ཟིན་ཐོ་འཚོལ་བསྡུ་བྱེད་མི་རུང་ཞེས་དང་། ཏད་ཨན་གནག་ཧྥན་སེ་ཐན་གྱིས་ཕོ་བྲང་དཀར་པོས་ཁོང་ལ་ཨ་རིའི་མནའ་འབྲེལ་རྒྱལ་ཁབ་ལ་དམིགས་པའི་གསང་འཕྲིན་འཚོལ་ཞིབ་ལས་དོན་མུ་མཐུད་སྤེལ་རྒྱུ་མིན་ཞེས་བཤད་བྱུང་ཞེས་གསུངས་འདུག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག