མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་ཨ་རིས་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་རྡུལ་ཉིང་མེད་པ་ཅན་ལ་སྐུལ་འདེད་གཏོང་བའི་ཐད་དགོངས་འཆར་བརྗེ་རེས་གནང་བ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-31 09:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་སྤྱི་ཚེས་29ཉིན་པེ་ཅིང་དུ། ཀྲུང་གོའི་སྲིད་གཞུང་གི་ཁོ་རེ་ཡ་ཕྱེད་གླིང་ཕྲན་བྱ་དོན་གྱི་དམིགས་གསལ་སྐུ་ཚབ་ཝུ་ཏ་ཝེས་ཚོགས་པའི་སྣེ་ཁྲིད་ནས་ཨ་རིར་འཚམས་འདྲི་གནང་ནས། ཁོ་རེ་ཡ་ཕྱེད་གླིང་ཕྲན་རྡུལ་ཉིང་མེད་པ་ཅན་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་དྲུག་གྲོས་མོལ་སླར་གསོ་བྱེད་པའི་གནད་དོན་ཐད་ཨ་རི་དང་བསམ་འཆར་བརྗེ་རེས་བྱས་པའི་ར་སྤྲོད་གནང་ཡོད་པ་དང་། ཧྭ་ཁྲུན་ཡིང་གིས། ཨ་རིའི་གདན་ཞུ་ལྟར། ཝུ་ཏ་ཝེས་སྤྱི་ཚེས་27ཉིན་ཚོགས་པའི་སྣེ་ཁྲིད་ནས་ཨ་རིར་འཚམས་འདྲི་གནང་ཡོད་པ་དང་། ཨ་རིའི་རྒྱལ་དོན་ཁང་གི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་བྱ་དོན་སྐོར་གྱི་རྒྱལ་དོན་བློན་ཆེན་གྱི་ལས་རོགས་ལ་སེར་དང་། ཨ་རིའི་བྱང་ཁོ་རེ་ཡའི་སྲིད་ཇུས་ཀྱི་དམིགས་གསལ་སྐུ་ཚབ་ཏེ་ཝེ་སེ་སོགས་དང་ལས་དོན་ཐུག་འཕྲད་དང་གྲོས་མོལ་གནང་ནས། ཁོ་རེ་ཡ་ཕྱེད་གླིང་ཕྲན་རྡུལ་ཉིང་མེད་པ་ཅན་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་དྲུག་གྲོས་མོལ་སླར་གསོ་བྱེད་པའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་ཡོད་ཅེས་གསུངས་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག