མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐུའུ་ཁུའུ་མན་སི་ཐན་གྱིས་རང་བཙན་བྱས་ནས་ལོ་ངོ་ཉེར་གཉིས་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-29 10:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུའུ་ཁུའུ་མན་སི་ཐན་གྱིས་སྤྱི་ཟླ10བའི་ཚེས27ཉིན་རྒྱལ་ས་ཨ་ཧྲི་ཧཱ་པཱ་ཏིའི་ལྟེ་གནས་ཐང་ཆེན་ནས་དམག་གཟིགས་མཛད་སྒོ་དང་མང་ཚོགས་ཀྱི་ཁྲོམ་སྐོར་བྱ་འགུལ་སྤེལ་ཏེ། རྒྱལ་ཁབ་རང་བཙན་བྱས་ནས་ལོ་ངོ་ཉེར་གཉིས་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས།

སྔ་དྲོའི་དུས་ཚོད་བཅུའི་སྟེང་། དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་དེ་ཐུའུ་ཁུའུ་མན་སི་ཐན་གྱི་རྒྱལ་གླུའི་ཁྲོད་མགོ་བརྩམས་པ་དང་། ཐུའུ་ཁུའུ་མན་སི་ཐན་གྱི་རྒྱལ་སྲུང་པུའུ་ཀྲང་ཀུང་ཏོ་ཀི་ཏི་ཡེ་ཧྥུའུ་རླངས་འཁོར་ལ་བསྡད་དེ་དམག་གཟིགས་བྱས། དམག་དཔུང་གི་གཟབ་སྦྲེང་རུ་ཁག་དང་དཔུང་ཁག་སོ་སོ། དམག་སྐྱེལ་འཁྲབ་ལྡན་རླངས་འཁོར་དང་། ཐན་ཁི་འཁོར་ལོ། མེ་སྒྱོགས་རླངས་འཁོར། མེ་ཤུགས་འཕུར་མདའ་དྲུད་པའི་རླངས་འཁོར་སོགས་ཐང་ཆེན་བརྒྱུད་པ་དང་། འཐབ་འཛིང་གནམ་གྲུ་བརྒྱད་བར་སྣང་བརྒྱུད་དེ་འཕུར།

དེའི་རྗེས་སུ་སྐྱ་དམག་དཔུང་ཁག་ཐང་ཆེན་བརྒྱུད་དེ་སོང་། ཆེས་མཇུག་མཐར་ཁྲོམ་སྐོར་མང་ཚོགས་ཀྱིས་ལག་ཏུ་རྒྱལ་དར་དང་མེ་ཏོག གྲོ་ཡི་སྙེ་མ་སོགས་བཟུང་ཞིང་ཚོན་ལྡན་རླངས་འཁོར་དང་མཉམ་དུ་ཐང་ཆེན་བརྒལ། ད་ལོར་འགྲན་རྒྱུག་རླངས་འཁོར་ཆུང་བ་དང་ལྕགས་རྟའི་རུ་ཁག་ཆེད་དུ་ཁ་སྣོན་བྱས་ཡོད།

དམག་གཟིགས་མཛད་སྒོ་དང་ཁྲོམ་སྐོར་བྱ་འགུལ་དེ་དུས་ཚོད་གཉིས་ལྷག་འགོར་བ་དང་། ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་པེར་ཏི་མུའུ་ཧཱ་མེ་ཏོ་ཧྥུའུ་དང་གྲོས་དཔོན། ནེ་ཀིའི་ཁོངས་མི། རྒྱལ་ཁབ་སོ་སོའི་གཞུང་ཚབ་པ། དེ་མིན་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་བརྒྱ་ལྷག་གི་འཐུས་མིས་དམག་གཟིགས་མཛད་སྒོ་དང་ཁྲོམ་སྐོར་བྱ་འགུལ་ལ་བལྟས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག