མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཅེ་ཅིབ་ལ་མེ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་དགུ་ཡི་རོགས་སྐྱོར་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-29 10:09

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱིས་ཚེས26ཉིན་ཏིས་པེད་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཨེ་ཅིབ་ཀྱི་ལས་གཞི་འཕེལ་རྒྱས་སུ་གཏོང་བར་མེ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་དགུ་ཡི་རོགས་སྐྱོར་བྱེད་པའི་གྲོས་མཐུན་བཀོད། མེ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་དགུ་ཡི་རོགས་སྐྱོར་དེའི་ཁྲོད། མེ་སྒོར་ཐེར་འབུམ་གཅིག་ནི་ཞལ་འདེབས་སུ་ཕུལ་བའི་མ་དངུལ་ཡིན་པ་དང་། མེ་སྒོར་ཐེར་འབུམ་གཅིག་པོ་དེ་ཆེད་དུ་ཨེ་ཅིབ་ལ་འབར་རྫས་འདོན་སྤྲོད་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ལ། དེའི་འཕྲོ་མའི་མ་དངུལ་དག་གཙོ་བོ་ཨེ་ཅིབ་ཁེ་ལས་དང་འཚོ་བའི་ཞབས་ཞུའི་སྒྲིག་ཆས། མི་ཤུགས་འཕེལ་རྒྱས་ལས་གཞི་བཅས་ཀྱི་ཐད་བཀོལ་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག