མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཐའོ་ཡཱའི་མང་ཚོགས་སྟོང་ཕྲག་འགས་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་ཏེ2014ལོའི་སྔོན་རྩིས་འཆར་ཟིན་ལ་ངོ་རྒོལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-28 11:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕུའུ་ཐའོ་ཡཱའི་མང་ཚོགས་སྟོང་ཕྲག་འགའ་ཡིས་སྤྱི་ཟླ10བའི་ཚེས26ཉིན་ཕུའུ་ཐའོ་ཡཱའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་བཅུ་བཞི་ནས་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་ཏེ། སྲིད་གཞུང་གིས་ཟླ་འདིའི་ཟླ་དཀྱིལ་ལ་ཁྱབ་སྒྲོག་བྱས་པའི2014ལོའི་སྔོན་རྩིས་འཆར་ཟིན་ལ་ངོ་རྒོལ་བྱས།

ཐེངས་འདིའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་ལ་ཕུའུ་ཐའོ་ཡཱའི་ངལ་རྩོལ་པའི་སྤྱིའི་བཟོ་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ཡོད། ཕུའུ་ཐའོ་ཡཱའི་རྒྱལ་ས་ལི་སི་པིན་ནས་ངོ་རྒོལ་མཁན་སྟོང་ཕྲག་ལྷག་གིས་འཕྲེད་བྱང་མཐོན་པོར་བསྒྲེངས་ཤིང་། གྲོང་ཁྱེར་ལྟེ་གནས་ཀྱི་རོ་ཞི་ཨོ་ཐང་ཆེན་ནས་ཆས་ཏེ་ཕུའུ་ཐའོ་ཡཱའི་གྲོས་ཁང་ཐོག་ཁང་ཆེན་མོའི་ཕྱོགས་སུ་སོང་། ལམ་བར་དུ་འཕྲེད་བྱང་མཐོན་པོར་བཏེགས་པ་དང་ཁ་གཡང་མཐོན་པོར་བསྒྲགས་ཏེ། ཕུའུ་ཐའོ་ཡཱའི་སྲིད་གཞུང་གིས་ཉེ་སྔོན་ཁྱབ་སྒྲོག་བྱས་པའི2014ལོའི་སྔོན་རྩིས་འཆར་ཟིན་ལ་ངོ་རྒོལ་བྱས།

ཉིན་དེར་ལི་སི་པིན་ལས་གཞན། ཕུའུ་ཐའོ་ཡཱའི་མང་ཚོགས་ཀྱིས་པའོ་ཨར་ཐུའུ་དང་ཁི་དབྱིན་པུའུ་ལཱ། པུའུ་ལཱ་ཅཱ། དེ་མིན་ཨ་ཝེ་ལོ་སོགས་གྲོང་ཁྱེར་ནས་ངོ་རྒོལ་བྱ་འགུལ་སྤེལ་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག