མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རི་དང་ཕ་ཁི་སི་ཐན་གྱི་འགོ་ཁྲིད་པས་འཇིགས་སྐུལ་ལ་ངོ་རྒོལ་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ནན་སྟོན་བྱས་པ།

རྩོམ་པ་པོ། སྐྱིད་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-28 11:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་ཙུང་ཐུང་ཨའོ་པ་མས་སྤྱི་ཟླ10བའི་ཚེས23ཉིན་འཚམས་འདྲི་གནང་བར་ཕེབས་པའི་ཕ་ཁི་སི་ཐན་གྱི་ཙུང་ལི་ཤད་ལི་ཧྥུ་དང་ཕོ་བྲང་དཀར་པོར་ཐུག་འཕྲད་ཐེངས་དང་པོ་དེ་གནང་ཡོད་པ་དང་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་མ་ཟད་ཕྱོགས་གཉིས་དཔལ་འབྱོར་ཉོ་ཚོང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རྣམ་པ་བསྟན་ཡོད་པ་རེད།

དེ་ནི་འདས་ཟིན་པའི་ལོ་ལྔའི་ནང་ཕ་ཁི་སི་ཐན་གྱི་ཙུང་ལིས་ཨ་རིར་དངོས་གཞིའི་འཚམས་འདྲི་ཞུ་ཐེངས་དང་པོ་དེ་ཡིན་པ་རེད། ཕྱོགས་གཉིས་པོས་ཐུག་འཕྲད་གནང་མཇུག་གྲུབ་རྗེས་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་ནང་། ཨའོ་པ་མ་དང་ཤད་ལི་ཧྥུས་ཕྱོགས་གཉིས་འབྲེལ་བ་དང་ས་ཁུལ་གྱི་དུས་བབ་སོགས་གྲོས་གཞི་རབ་དང་རིམ་པའི་ཐད་གྲོས་སྡུར་གནང་ཡོད་པ་དང་དེའི་ནང་ད་དུང་ནུས་པའི་འབྱུང་ཁུངས་ཀྱི་མཉམ་ལས་དང་ཨ་ཧྥུ་ག་ནི་སི་ཐན་གྱི་བདེ་འཇགས་བར་བརྒལ། ཨེ་ཤ་ཡ་ལྷོ་མའི་དུས་བབ་སོགས་ཚུད་ཡོད་པ་རེད།

ཨའོ་པ་མས་ཕྱོགས་གཉིས་པོས་འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་ལ་མཉམ་དུ་དོ་ཁུར་བྱེད་ཚུལ་བསྟན་ཡོད་པ་མ་ཟད་ལག་གདང་སྦྲེལ་ནས་དགེ་མཚན་ལྡན་པའི་རང་བཞིན་གྱི་མཉམ་ལས་བྱ་ཐབས་དེ་བས་མང་བ་འཚོལ་རྒྱུའི་མོས་མཐུན་བྱས་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག