མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་མོ་ཙམ་པི་ཁེའི་གདོང་ཐུག་ཕྱོགས་གཉིས་པོས་སྐད་ཆ་ཤོད་རེས་བྱས་པ་བརྒྱུད་འགལ་ཟླ་ཐག་གཅོད་བྱེད་དགོས་པའི་སྐུལ་འདེབས་བྱས་པ།

རྩོམ་པ་པོ། སྐྱིད་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-28 11:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་སྤྱི་ཟླ10བའི་ཚེས23ཉིན་གྱི་དགོང་མོ་ཁོང་གི་མགྲིན་ཚབ་པ་བརྒྱུད་གསལ་བསྒྲགས་སྤེལ་ནས་མོ་ཙམ་པི་ཁེའི་རྒྱལ་ནང་དུས་བབ་ལ་དོ་ཁུར་གནང་བ་དང་དུས་མཚུངས་སུ་གདོང་ཐུག་ཕྱོགས་གཉིས་པོས་སྐད་ཆ་ཤོད་རེས་བྱས་པ་བརྒྱུད་འགལ་ཟླ་ཐག་གཅོད་བྱེད་དགོས་པའི་སྐུལ་འདེབས་བྱས་འདུག

གསལ་བསྒྲགས་ནང་ད་དུང་། ཕན་ཅི་ཝུན་གྱིས་མོ་ཙམ་པི་ཁེའི་གདོང་ཐུག་ཕྱོགས་ཁག་ནས་ཁོག་ཡངས་རང་བཞིན་གྱི་སྐད་ཆ་ཤོད་རེས་ནང་གང་ལེགས་ཞུགས་དགོས་པ་དང་ད་ལྟའི་དམངས་གཙོའི་སྒྲིག་ལམ་འོག་འགལ་ཟླ་ཐག་གཅོད་བྱེད་དགོས་པ་མ་ཟད་རྒྱལ་ཁབ་དེས་མུ་མཐུད་འབད་བརྩོན་བྱས་ནས་སྤྱི་ཚོགས་འཆམ་མཐུན་དང་རྒྱུན་མཐུད་གོང་འཕེལ་ཡོང་རྒྱུ་འགན་ལེན་བྱེད་དགོས་པའི་སྐུལ་འདེབས་བྱས་ཡོད་ཅེས་འཁོད་འདུག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག