མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སུས་སི་རི་ཡའི་རྫས་འགྱུར་མཚོན་ཆ་མེད་པ་བཟོ་རྒྱུའི་འཆར་གཞིའི་ནང་ཞུགས་རྒྱུའི་གནད་དོན་ལ་བསམ་གཞིགས་བྱེད་རྩིས་ཡོད་ཅེས་བཤད་པ།

རྩོམ་པ་པོ། སྐྱིད་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-28 11:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱི་གུས་སྤྱི་ཟླ10བའི་ཚེས་23ཉིན་པུ་ལུ་སེར་འཚོགས་པའི་ཨུ་རུ་སུ་དང་བྱང་ཆིངས་སྒྲིག་འཛུགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་གྲོལ་རྗེས། གལ་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འབྲེལ་ཡོད་བླང་བྱ་བཏོན་ཚེ་ཨུ་རུ་སུས་སི་རི་ཡའི་རྫས་འགྱུར་མཚོན་ཆ་མེད་པ་བཟོ་བའི་འཆར་གཞིའི་ནང་ཞུགས་རྒྱུའི་གནད་དོན་ལ་བསམ་གཞིགས་བྱེད་རྩིས་ཡོད་ཅེས་བསྟན་འདུག

ཧྲའོ་དབྱི་གུས་ད་དུང་། ཨུ་རུ་སུའི་བྱང་ཆིངས་སྒྲིག་འཛུགས་ཀྱི་རོགས་པས་ཨུ་རུ་སུས་ཨ་ཧྥུ་ག་ནི་སི་ཐན་གྱི་བཟོ་སྐྲུན་དམག་གི་སྦྱོང་བརྡར་ལྟེ་གནས་བཙུགས་རྗེས་ཁོང་ཚོས་ཨ་ཧྥུ་ག་ནི་སི་ཐན་ས་ཁོངས་ནང་གི་ས་འོག་འབར་མདེལ་སེལ་རྒྱུའི་གྲོས་འགོ་བཏོན་ཡོད་ཅེས་གསུངས་འདུག ཧྲའོ་དབྱི་གུས། གྲོས་འགོ་དེར་ཨུ་རུ་སུའི་འཐུས་མི་ཚོགས་པའི་རྒྱབ་སྐྱོར་ཐོབ་ཡོད་ཅེས་དང་ཁོང་གིས་ད་དུང་དབྱི་ཐ་ལིས་འབྲེལ་ཡོད་འཆར་ཟིན་འགོད་འདོད་ཡོད་པའི་རྣམ་པ་བསྟན་བྱུང་ཞེས་ནན་བཏོན་གནང་འདུག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག