མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྷང་ག་ལཱ་རྒྱལ་ཁབ་ཀྱི་ཙུང་ལི་ཡིས་ངོ་རྒོལ་ཏང་གིས་རྒྱལ་ཡོངས་ཀྱི་ལས་བྱོལ་ཆེན་མོ་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-28 11:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྷང་ག་ལཱའི་ཙུང་ལི་ཧཱ་ཞི་ནཱ་ཡིས་སྤྱི་ཟླ10བའི་ཚེས26ཉིན་གྱི་དགོང་མོར་ངོ་རྒོལ་ཏང་གི་མགོ་ཁྲིད་པ་གཙོ་བོ། སྔོན་ཆད་ཀྱི་ཙུང་ལི་ཆི་ཡཱ་ལ་ཁ་པར་བཏང་སྟེ། ངོ་རྒོལ་ཏང་གིས་སྤེལ་རྩིས་ཡོད་པའི་རྒྱལ་ཡོངས་ཀྱི་ལས་བྱོལ་ཆེན་མོ་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་། དེ་ནི་ཉིས་སྟོང་དགུ་ལོའི་ཚུན་ལ་སྲིད་སྟེགས་ཀྱི་འགྲན་ཡ་དེ་གཉིས་ཀྱིས་ཐོག་དང་པོར་ཐད་ཀར་གྲོས་མོལ་བྱས་པ་རེད།

ཧཱ་ཞི་ནཱ་ཡིས་ཁ་པར་ལས་ཚེས28ཉིན་གྱི་དགོང་མོར་ཆི་ཡཱ་རང་གི་བཞུགས་ཤག་ཏུ་ཡོང་ནས། སྲིད་འཛིན་ཏང་དང་ངོ་རྒོལ་ཏང་བར་གྱི་འདེམ་བསྐོའི་སྐབས་ཀྱི་སྲིད་གཞུང་རྣམ་པའི་ཐད་ཀྱི་འགལ་བ་ཇི་ལྟར་སེལ་བར་གྲོས་བསྡུར་བྱེད་པར་གདན་ཞུ་བྱས། ཁོ་མོས་ད་རུང་ཆི་ཡཱ་ཡིས་མི་རིགས་རིང་ལུགས་ཏང་གིས་ཚེས་ཉེར་བདུན་ཉིན་ནས་བཟུང་བསྟུད་མར་ཉིན་གསུམ་རིང་རྒྱལ་ཡོངས་སུ་ལས་བྱོལ་ཆེན་མོའི་བྱ་འགུལ་སྤེལ་རྒྱུའི་འཆར་གཞི་མེད་པར་གཏོང་དགོས་པའི་སྐུལ་མ་བཏང་།

ཡིན་ན་ཡང་ཆི་ཡཱ་ཡིས་ལས་བྱོལ་མེད་པར་བཟོ་བའི་གྲོས་གཞི་དང་ལེན་མ་བྱས་པ་དང་། ཚེས29ཉིན་ལས་བྱོལ་མཇུག་སྒྲིལ་རྗེས་ཡང་བསྐྱར་ཧཱ་ཞི་ནཱ་དང་ཐུག་འཕྲད་བྱེད་རྒྱུའི་རེ་བ་བཏོན།

ཆི་ཡཱ་ཡིས་མགོ་ཁྲིད་པའི་མི་རིགས་རིང་ལུགས་ཏང་གིས་ཚེས་ཉེར་ལྔ་ཉིན་སྲིད་གཞུང་གི་བཀག་རྒྱར་སྣང་དོགས་ཅི་ཡང་མེད་པར་གཞི་རྒྱ་ཆེ་བའི་ངོ་རྒོལ་འདུ་ཚོགས་བསྡུས་ཏེ། ཡང་བསྐྱར་ཧཱ་ཞི་ནཱ་ཡིས་ལས་ཁུར་དགོངས་ཞུ་བྱེད་པ་དང་། ལྟ་སྐྱོང་སྲིད་གཞུང་རྩ་འཛུགས་བྱས་ཏེ་སང་ལོའི་སྤྱི་ཟླ1པོའི་འདེམ་བསྐོའི་བྱ་འགུལ་ཆེན་མོར་འགན་ཁུར་དགོས་པའི་རེ་བ་བཏོན། ངོ་རྒོལ་འདུ་ཚོགས་ལས་འཁྲུག་རྩོད་དོན་རྐྱེན་བྱུང་སྟེ་མི6རྐྱེན་ལམ་དུ་ཤོར་བ་དང་། མི500ལྷག་ལ་རྨས་ཕོག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག