མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རིས་ཕྱི་རྒྱལ་གྱི་སྲིད་དོན་མི་སྣ35ཡི་ཁ་པར་ལ་ལྐོག་ཉན་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-27 10:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སེ་ནོ་ཏེང་གིས་མཁོ་འདོན་བྱས་པའི་གསང་བའི་ཡིག་ཆར་གཞིགས་ན། ཨ་རིའི་རྒྱལ་ཁབ་བདེ་འཇགས་ཅུད་ཀྱིས་ཨ་རིའི་སྲིད་གཞུང་སྡེ་ཁག་གཞན་ཞིག་གི་དཔོན་རིགས་ནས་མཁོ་འདོན་བྱས་པའི་ཁ་པར་ཨང་གྲངས་འབྱོར་རྗེས་ཕྱི་རྒྱལ་གྱི་འགོ་ཁྲིད་པ35ཡི་ཁ་པར་ལྐོག་ཉན་བྱས་པ་རེད།

ཡིག་ཆ་དེའི་ནང་ཨ་རིའི་དཔོན་རིགས་ཤིག་གི་དེ་སྔ་ཁ་པར་ཨང་གྲངས200སྐྱེལ་བ་དང་། དེའི་ནང་ཕྱི་རྒྱལ་གྱི་འགོ་ཁྲིད་པ35ཡི་ཁ་པར་ཨང་གྲངས་ཚུད་ཡོད། ཨང་གྲངས་དེ་དག་ལམ་སེང་རྒྱལ་ཁབ་བདེ་འཇགས་ཅུད་ནས་ལྟ་སྐུལ་ཚོད་འཛིན་བྱ་རྒྱུར་སྐྱེལ་བ་རེད།

གསར་དུ་ཟུར་གསལ་བྱས་པའི་གནས་ཚུལ་གྱིས་ཨ་རི་དང་མནའ་གྲོགས་བར་གྱི་ཕྱི་འབྲེལ་འབྲེལ་བར་འགལ་ཟླ་བཟོ་སྲིད། དེའི་གོང་འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས་ཨ་རིས་ཁོང་གི་ཁ་པར་ལྐོག་ཉན་བྱས་པར་སྐྱོན་འཛུགས་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག