མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པ་ཙེར་གྱི་ཉེན་རྟོག་ཕྱོགས་ནས་ཨ་རིའི་ཆ་འཕྲིན་ལས་རིགས་ཀྱི་མཐོ་རིམ་དོ་དམ་པ་བཀའ་འགུག་བྱེད་རྒྱུའི་རེ་བ་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-27 10:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10བའི་ཚེས25ཉིན། པ་ཙེར་གྱི་གསར་འགྱུར་ལས་རིགས་ཀྱིས། པ་ཙེར་ཉེན་རྟོག་ཕྱོགས་ནས་ཨ་རིའི་ཁྲིམས་འཛིན་སྡེ་ཁག་ལ་རེ་ཞུ་ཕུལ་ཏེ། ཨ་རིའི་ཆ་འཕྲིན་ལས་རིགས་ཆེ་གྲས་ཁག་ཅིག་གི་མཐོ་རིམ་དོ་དམ་པ་བཀའ་འགུག་བྱས་ཏེ། ཨ་རིའི་གསང་འཕྲིན་ལས་ཁུངས་ཀྱིས་པ་ཙེར་གྱི་སྲིད་གཞུང་དང་ཀུང་སིར་གཞི་ཁྱོན་ཆེ་བའི་ལྟ་ཞིབ་ཚོད་འཛིན་བྱས་པའི་གནས་ཚུལ་བརྟག་དཔྱད་བྱ་རྒྱུའི་རེ་བ་བཏོན་ཡོད་ཅེས་བཤད་ཡོད་པ་རེད།

མིག་སྔའི་བར། པ་ཙེར་གྱི་ཉེན་རྟོག་ཕྱོགས་ནས་པ་ཙེར་དུ་ཡོད་པའི་ཀུང་སི་དེ་དག་གི་ཡན་ལག་ཀུང་སིའི་འགོ་འཁྲིད་མི་སྣར་འདྲི་ཞིབ་བྱས་པ་དང་། དེ་དག་ཚང་མས་མི་གཞན་གྱི་ཆ་འཕྲིན་ཨ་རིའི་གསང་འཕྲིན་སྡེ་ཁག་ལ་མཁོ་འདོན་བྱས་པ་ཁས་ལེན་བྱས་མེད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག