མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པ་ནོན་བྱང་རྒྱུད་གྱི་ཆོས་ལུགས་ཤོག་ཁག་བར་གདོང་ཐུག་ཤོར་ནས་འཆི་རྨས་བྱུང་བའི་མི་གྲངས50ལྷག་ཟིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-27 10:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པ་ནོན་གྱི་དམག་ཕྱོགས་མི་སྣས་སྤྱི་ཟླ10བའི་ཚེས25ཉིན་ལེ་པ་ནོན་གྱི་བྱང་རྒྱུད་གྲོང་ཁྱེར་ཏི་ལོ་པོ་ལིར་སི་རི་ཡའི་སྲིད་གཞུང་ལ་རྒྱབ་སྐྱོར་དང་ངོ་རྒོལ་བྱེད་མཁན་ཤོག་ཁག་བར་སྤྱི་ཚེས21ཉིན་གྱི་དགོང་མོ་དྲག་པོའི་གདོང་ཐུག་ཤོར་ཚུན། ད་བར་མི5རྐྱེན་ལམ་དུ་ཤོར་བ་དང་། མི42ལ་རྨས་སྐྱོན་ཕོག་པ་རེད།

རང་མིང་ཤོད་འདོད་མི་བྱེད་མཁན་གྱི་ལེ་པ་ནོན་གྱི་དམག་ཕྱོགས་མི་སྣས་ཏི་ལི་པོ་ལིའི་མུ་ཧ་ཤིན་ཧྲན་ས་ཁུལ་གྱི་སི་རི་ཡའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཨ་ལ་ཝེ་ཤོག་ཁག་གི་དྲག་ཆས་མི་སྣ་དང་ཐ་པ་ན་མན་ས་ཁུལ་གྱི་སི་རི་ཡའི་ངོ་རྒོལ་ཤོག་ཁག་ལ་རྒྱབ་སྐྱོར་བྱེད་མཁན་ཤུས་ཉི་ཤོག་ཁག་གི་དྲག་ཆས་མི་སྣའི་བར་སྤྱི་ཚེས24ཉིན་གྱི་དགོང་མོ་དུས་ཡུན་ཉིན་ལྔའི་རིང་ཛ་དྲག་ཆེ་ཤོས་ཀྱི་དམག་འཐབ་བྱུང་བ་དང་། ཕྱོགས་གཉིས་པོས་མེ་མདའ་ཆེ་་བ་དང་། མེ་ཤུགས་འཕུར་མདེལ། མེ་སྒྱོགས་སོགས་མཚོན་ཆ་བེད་སྤྱོད་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག