མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མ་ཁའེ་ཡིས་པུ་ལུ་སེར་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ལོ་ཙོ་དང་མཇལ་འཛོམས་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-27 10:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་དུ་ཀྲུང་གོ་དང་ཡོ་རོབ་ཀྱི་དཔལ་འབྱོར་ཉོ་ཚོང་གི་མཐོ་རིམ་སྐད་ཆ་ཤོད་རེས་ཐེངས་བཞི་པ་གཙོ་སྐྱོང་གནང་བར་ཕེབས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་མ་ཁའེ་ཡིས་སྤྱི་ཟླ10བའི་ཚེས25ཉིན་པུ་ལུ་སེར་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ལོ་ཙོ་དང་མཇལ་འཛོམས་གནང་བ་རེད།

མ་ཁའེ་ཡིས་ཀྲུང་གོ་དང་ཡོ་རོབ་ནི་འཛམ་གླིང་ཐོག་གི་གལ་ཆེའི་སྟོབས་ཤུགས་གཉིས་ཡིན་ཞིང་། ཀྲུང་གོ་དང་ཡོ་རོབ་ཀྱིས་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་འཛམ་གླིང་ཧྲིལ་པོའི་དོན་སྙིང་ལྡན་ཡོད། ད་ཐེངས་ཀྱི་ཀྲུང་གོ་དང་ཡོ་རོབ་ཀྱི་དཔལ་འབྱོར་ཉོ་ཚོང་གི་མཐོ་རིམ་སྐད་ཆ་ཤོད་རེས་སྐབས་གལ་ཆེའི་ཐུན་མོང་ངོས་འཛིན་བྱུང་བས་དེས་ཀྲུང་གོ་དང་ཡོ་རོབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་སྔར་ལས་ལྷག་པ་ཐེབས་ཐུབ་ཅེས་གསུངས་པ་རེད།

པ་ལོ་ཙོས་ཀྲུང་གོ་དང་ཡོ་རོབ་ཀྱིས་བང་རིམ་མཐོ་བ་དང་། འཐབ་ཇུས་རང་བཞིན། སྔོན་མཐོང་རང་བཞིན་བཅས་ལྡན་པའི་སྐད་ཆ་ཤོད་རེས་བྱ་རྒྱུ་ནི་གལ་ཆེན་པོ་ཡིན། ད་ཐེངས་ཀྲུང་གོ་དང་ཡོ་རོབ་ཀྱི་དཔལ་འབྱོར་ཉོ་ཚོང་གི་མཐོ་རིམ་སྐད་ཆ་ཤོད་རེས་ལེགས་གྲུབ་ལྡན་པའི་ངང་གཉེར་བ་དེས་ཀྲུང་གོ་དང་ཡོ་རོབ་ཀྱི་འགོ་ཁྲིད་པའི་བར་མཇལ་འཛོམས་ཐེངས་བཅུ་དྲུག་པ་བྱ་རྒྱུར་རྣམ་པ་ཡག་པོ་གཏོད་ཡོད། ཡོ་རོབ་ཕྱོགས་ནས་ཀྲུང་གོའི་སྐབས་གསར་པའི་འགོ་ཁྲིད་དང་མཇལ་འཛོམས་ཐོག་མ་དེ་བྱ་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག