མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་ཟླ་རྗེས་མར་ཡང་བསྐྱར་མགོ་རྩོམ་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-26 11:30

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན་ལུའུ་སིན་པའོ་ནས་བསྡུས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་ནས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་དང་ལེན་བྱས་ཏེ། ལོ་གསུམ་ལ་མཚམས་ཆད་པའི་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་ཡང་བསྐྱར་མགོ་རྩོམ་རྒྱུ་ཐག་བཅད་པ་དང་། ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་གྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་བསྡུ་རྒྱུ་ཡིན་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱིས་རྒྱ་བསྐྱེད་ལས་དོན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་སྲིད་ཇུས་ཆེད་དོན་པ་ཧྲི་ཏིས་ཧྥུན་གྱིས་ཉིན་དེར་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས་སྟེང་དཔྱད་བརྗོད་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་སླར་གསོ་བྱེད་རྒྱུ་ཐག་བཅད་པར་དགའ་བསུ་ཞུས། ཧྲི་ཏིས་ཧྥུན་གྱིས་བཤད་རྒྱུར། ཐུར་ཁེའི་ཉེ་སྔོན་གྱི་འཕེལ་རྒྱས་གནས་ཚུལ་ལས་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གལ་ཆེན་རང་བཞིན་མངོན་ཡོད་པས། ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་སླར་གསོ་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་ཆ་རྐྱེན་བརྩི་སྲུང་དང་ལག་བསྟར་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག