མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རང་བཙན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མེན་སི་ཁི་ནས་མཐོ་རིམ་གྲོས་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-26 11:30

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རང་བཙན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཁབ་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཚེས25ཉིན་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་བསྡུས།

གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་འཇིགས་སྐུལ་རིང་ལུགས་དང་། ཐལ་སྤྱོད་རིང་ལུགས། དུག་རྫས་ལྐོག་འཚོང་། མི་ལྐོག་འཚོང་བྱེད་པ་སོགས་ནག་ཉེས་བྱ་འགུལ་ལ་ཆམ་ཕབ་གཏོང་བའི་ཐད་ནས་མཉམ་ལས་བྱེད་པའི་ཡིག་ཆ་སྐོར་ཞིག་ལ་གྲོས་མཐུན་བྱུང་བ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁོངས་བརྒལ་བའི་ཨུ་ཡོན་ལྷན་ཁང་འཛུགས་པའི་གྲོས་མཐུན་དང་མཉམ་ལས་བྱས་ཏེ་བརྡ་འཕྲིན་ལག་རྩལ་བཀོལ་ནས་ནག་ཉེས་ལ་ཆམ་ཕབ་གཏོང་བའི་འདོད་བློར་ཆོག་མཆན་ཐོབ།

མཐོ་རིམ་གྲོས་ཚོགས་ནས2014ལོ་ནི་རང་བཙན་མཉམ་འབྲེལ་ལྷན་ཚོགས་ཀྱི་གནས་སྐོར་ལོ་ཡིན་པ་དང་། 2015ལོ་ནི་རང་བཙན་མཉམ་འབྲེལ་ལྷན་ཚོགས་ཀྱི་རླབས་ཆེ་བའི་རྒྱལ་སྲུང་འཐབ་འཁྲུག་གི་འཐབ་མོ་བ་རྒན་པའི་ལོ་ཡིན་ལ། ཧཱ་སག་སི་ཐན་གྱི་ཨ་ལཱ་མུའུ་ཐུའུ་གྲོང་ཁྱེར་དང་ཅིར་ཅི་སི་སི་ཐན་གྱི་ཨོ་ཧྲི་གྲོང་ཁྱེར་གཉིས་ནི་ཉིས་སྟོང་བཅུ་བཞི་ལོའི་རང་བཙན་མཉམ་འབྲེལ་ལྷན་ཚོགས་ཀྱི་རིག་གནས་རྒྱལ་སར་བྱེད་པ་དང་། བུའུ་ཁི་ལན་ནི་ཉིས་སྟོང་བཅུ་བཞི་ལོའི་རང་བཙན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པ་ཐག་བཅད།

ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱ། ཨུ་རུ་སི་དཀར་པོ། ཧཱ་སག་སི་ཐན། མའོ་ཨར་ཏའོ་ཝ། ཐཱ་ཅི་ཁི་སི་ཐན། བུའུ་ཙི་པེ་ཁི་སི་ཐན། བུའུ་ཁི་ལན་བཅས་རྒྱལ་ཁབ་དགུའི་ཙུང་ཐུང་གྲོས་ཚོགས་ལ་ཞུགས་པ་དང་། ཅིར་ཅི་སི་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་དང་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ལི་གཞོན་པ་གཉིས་ཙུང་ཐུང་གི་ཚབ་བྱས་ཏེ་མཐོ་རིམ་གྲོས་ཚོགས་ལ་ཞུགས།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག