མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་ཨ་ཧྥུའུ་ཧན་དུ་དཔུང་ཁག་མངག་གཏོང་བྱས་ཏེ་འདེམ་བསྐོའི་བྱ་འགུལ་ལ་རོགས་རམ་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-26 11:29

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་ཚེས25ཉིན་ཁྱབ་སྒྲོག་བྱས་དོན། རྩ་འཛུགས་དེས་ཨ་ཧྥུའུ་ཧན་ལ་དཔུང་ཁག་མངག་གཏོང་བྱས་ཏེ་ཨ་ཧྥུའུ་ཧན་གྱི2014ལོའི་འདེམ་བསྐོའི་བྱ་འགུལ་ལ་རོགས་རམ་བྱེད་རྒྱུ་ཡིན་ཟེར།

ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་རྒྱུན་སྡོད་ལས་འཛིན་ལྷན་ཚོགས་ཀྱིས་ཐག་གཅོད་བྱས་དོན། ཨ་ཧྥུའུ་ཧན་སྲིད་གཞུང་གིས་རེ་བ་བཏོན་པ་ལྟར། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་ཨ་ཧྥུའུ་ཧན་ལ་ལས་བྱེད་མི་སྣ་ཉི་ཤུས་གྲུབ་པའི་དཔུང་ཁག་ཅིག་མངག་གཏོང་བྱས་ཏེ། ཉིས་སྟོང་བཅུ་བཞི་ལོའི་ཟླ་བཞི་བར་བསྡུ་རྒྱུ་ཡིན་པའི་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་དང་ཞིང་ཆེན་རིམ་པའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་བསྟན་དོན། ཆོད་དོན་དེ་ཨ་ཧྥུའུ་ཧན་གྱི་དམངས་གཙོ་དང་བརྟན་འཇགས་ལ་ཕན་པ་དང་། ཁྱད་པར་དུ་སྲིད་གཞུང་གི་སྐབས་བརྗེའི་འདེམ་བསྐོ་དང་རྒྱལ་སྤྱིའི་བདེ་འཇགས་རོགས་སྐྱོར་དམག་དཔུང་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱས་རྗེས་ཀྱི་གནས་བབ་ལ་ཕན་ཐོགས་ཡོད་ཟེར། དཔུང་ཁག་དེས་ཨ་ཧྥུའུ་ཧན་སྲིད་གཞུང་གིས་འདེམ་བསྐོའི་བྱ་བར་ཡར་སྐུལ་བྱེད་པ་དང་ཁྲིམས་ལུགས་འཛུགས་སྐྲུན་བྱེད་པའི་གྲོས་གཞི་འདོན་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག