མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ནེ་ཀྲི་རི་ཡཱའི་དམག་དཔུང་གིས་དྲག་ཆས་ཉེས་ཅན95བསད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-26 11:29

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས25ཉིན་བཤད་རྒྱུར། དམག་ཕྱོགས་ཀྱིས་ཉེ་སྔོན་ནེ་ཀྲི་རི་ཡཱའི་བྱང་ཤར་ས་ཁུལ་ནས་ནེ་ཀྲི་རི་ཡཱའི་དབྱི་སི་ལན་ཐལ་སྤྱོད་རྩ་འཛུགས་པའོ་ཁི་གནས་མཆོག་ཅེས་པའི་ཁོངས་མི་དང་འཁྲུག་རྩོད་བྱས་ཏེ། བསྡོམས་པས་དྲག་ཆས་ཉེས་ཅན95བསད་ཟེར།

ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཏའོ་ལེ་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ནེ་ཀྲི་རི་ཡཱའི་དམག་དཔུང་གིས་ཚེས་ཉེར་བཞིའི་ཉིན་བྱང་ཤར་ཕྱོགས་ཀྱི་པའོ་ཨར་ནོའུ་ཀྲིག་གི་མེད་ནོའུ་ཁི་ས་ཁུལ་ཉེ་འདབས་ཀྱི་པའོ་ཁི་གནས་མཆོག་ཅེས་པའི་དྲག་ཆས་རྩ་འཛུགས་ཀྱི་ཁོངས་མི་སྦས་སྐོང་བྱེད་ས་ཞིག་ལ་གློ་བུར་དུ་འཇབ་རྒོལ་བྱས་ཏེ། བསྡོམས་པས་རྩ་འཛུགས་དེའི་ཁོངས་མི་དོན་བཞི་བསད་པ་དང་། རླངས་འཁོར་བརྒྱད་ལ་གཏོར་བཤིག་བཏང་།

ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ལཱ་ཀྲ་ལུའུ་སི་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཚེས24ཉིན་པའོ་ཁི་གནས་མཆོག་ཅེས་པའི་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ནེ་ཀྲི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་ཡོ་པེ་ཀྲིག་གི་ལྟེ་གནས་གྲོང་ཁྱེར་ཏཱ་མཱ་ཐུའུ་ལུའུ་ཡི་དམག་དོན་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་པར་མ་ཟད། དམག་དཔུང་བར་འཁྲུག་རྩོད་དྲག་པོ་བྱུང་སྟེ། དྲག་ཆས་ཉེས་ཅན21བསད་པ་དང་། དམག་ཕྱོགས་ཀྱིས་ད་རུང་རླངས་འཁོར་གསུམ་དང་མཚོན་ཆ་སྐོར་ཞིག་གཞུང་བཞེས་བྱས། མིག་སྔར། ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་ཏཱ་མཱ་ཐུའུ་ལུའུ་ས་ཁུལ་དུ་དུས་ཚོད་ཉེར་བཞིའི་རིང་མཚན་མགྲོན་བཀག་པར་མ་ཟད། འཁྲབ་ལྡན་འཁོར་ལོ་དང་གྱེན་འཕུར་གནམ་གྲུ། འཐབ་འཛིང་གནམ་གྲུ་སོགས་བཀོལ་ནས་བྲོས་བྱོལ་བྱས་པའི་དྲག་ཆས་ཉེས་ཅན་དག་སྔོག་བཤེར་བྱེད་བཞིན་ཡོད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག