མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་འཇིགས་སྐུལ་ངོ་རྒོལ་གྲོས་ཚོགས་དབྱི་སི་ཐན་པོར་ནས་ཚོགས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-25 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་དང་ཐུར་ཁེའི་སྲིད་གཞུང་གིས་ཚེས24ཉིན་ནས་ཚེས25ཉིན་བར་མཉམ་འབྲེལ་གྱིས་དབྱི་སི་ཐན་པོར་ནས་ཚོགས་ཡུན་ཉིན་གཉིས་ཀྱི་རྒྱལ་སྤྱིའི་འཇིགས་སྐུལ་ངོ་རྒོལ་གྲོས་ཚོགས་བསྡུས་པ་དང་། སི་ཕན་དང་དབྱི་ཐཱ་ལེ། པུ་ལི་ཧྲི། སུའེ་ཙེར། ཐུར་ཁེ། ཨ་མེ་རི་ཁ་སོགས་རྒྱལ་ཁབ་ཞེ་བདུན་གྱི་སྲིད་གཞུང་དཔོན་པོ་དང་ཆེད་མཁས་པ་གྲོས་ཚོགས་སུ་ཞུགས་ཏེ། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཉམས་མྱོང་དང་བསླབ་བྱ་བརྗེ་རེས་བྱས་པ་དང་། འཇིགས་སྐུལ་ངོ་རྒོལ་གྱི་འགུལ་སྐྱོད་དང་འཇིགས་སྐུལ་ངོ་རྒོལ་གྱི་འཐབ་ཇུས་ལ་མཐུན་སྦྱོར་བྱས།

ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གི་བརྡ་འཕྲིན་སྤྱི་ཚོགས་དང་ནག་ཉེས་ཆམ་ཕབ་ཅུའུ་ཡི་ཅུའུ་ཀྲང་ཁི་ལེ་ཡེ་སིན་གྱིས་ཚེས24ཉིན་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། འཇིགས་སྐུལ་རིང་ལུགས་ཀྱི་རྩ་འཛུགས་མང་བོའི་ཁྲོད། རྟེན་གཞི་རྩ་འཛུགས་ནི་སྔར་བཞིན་ཡོ་རོབ་གླིང་རྒྱལ་ཁབ་དག་གི་ཆེས་ཆེ་བའི་འཇིགས་ཉེན་ཡིན་ཟེར། ཁོས་བལྟས་ན། ཡོ་རོབ་གླིང་གི་མི་རེ་འགའ་རྟེན་གཞིའི་རྩ་འཛུགས་ནང་ཞུགས་ཡོད་པ་དང་། རྟེན་གཞི་རྩ་འཛུགས་ཀྱི་དྲིལ་སྒྲོག་གིས་ཡིད་རྨོངས་པར་བྱས་པ་ཡིན་པར་འདོད། རྟེན་གཞི་རྩ་འཛུགས་ནི་ཡོ་རོབ་གླིང་གི་ཆེས་ཆེ་བའི་འཇིགས་ཉེན་ཡིན་པ་དང་། དེའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ཁོ་ཚོས་འཛམ་གླིང་ཡོངས་སུ་འཇིགས་སྐུལ་རིང་ལུགས་ཀྱི་བྱ་འགུལ་སྤེལ་ཡོད་པས་ཡིན། ཉེ་སྔོན་ཁུན་ནེ་ཡཱའི་འཇབ་རྒོལ་དོན་རྐྱེན་ནི་བདེན་དཔང་ཞིག་ཡིན་ཟེར།

ཐུར་ཁེའི་ཙུང་ལི་གཞོན་པ་ཨ་ཐཱ་ལེ་ཡིས་ཚོགས་ཐོག་ནས་བཤད་རྒྱུར། འཇིགས་སྐུལ་རིང་ལུགས་འཛམ་གླིང་ཡོངས་སུ་ཁ་དར་ཡོད་པ་དང་། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པར་རྒྱལ་ཁབ་གཅིག་གི་སྟོབས་ཤུགས་ཀྱིས་མི་འདང་ལ། རྒྱལ་ཁབ་སོ་སོས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་བྱས་ཏེ། ཐུན་མོང་གི་འགུལ་སྐྱོད་དང་འཐབ་ཇུས་ལག་བསྟར་བྱེད་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། འབྲེལ་ཡོད་རྒྱལ་ཁབ་ཀྱིས་བརྡ་འཕྲིན་མཉམ་སྤྱོད་དང་འཇིགས་སྐུལ་རིང་ལུགས་ཀྱི་ནག་ཉེས་ཉེས་ཅན་ཕན་ཚུན་སྤྲོད་པའི་བྱ་བའི་ཐད་ནས་མཉམ་ལས་བཟང་བོ་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག