མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་ཆེས་མཐོའི་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-25 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན་བུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གནད་དོན་ལ་དམིགས་ཏེ། ཨུ་རུ་སི་དང་བུའུ་ཁི་ལན་རྒྱལ་ཁབ་གཉིས་བར་འགལ་བ་མི་ཉུང་བ་བྱུང་། ཚེས24ཉིན། ཨུ་རུ་སི་དཀར་པོ་དང་ཧཱ་སག་སི་ཐན་གྱི་སྒོ་ཁྲལ་མནའ་མཐུན་དང་གཅིག་གྱུར་དཔལ་འབྱོར་ཁྱབ་ཁོངས་ནང་གི་དཔལ་འབྱོར་གླེང་སྟེགས་ཏེ་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་ཆེས་མཐོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་དེ་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་བསྡུས། གྲོས་ཚོགས་ནས་གཙོ་བོ་རང་བཙན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཅིར་ཅི་སི་སི་ཐན་དང་ཨེ་མེ་ནི་ཡཱ་གཉིས་སྒོ་ཁྲལ་མནའ་མཐུན་ནང་ཞུགས་པའི་གནད་དོན་ལ་གྲོས་བསྡུར་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག