མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་མཱ་ལི་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣར་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-24 11:34

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་སྤྱི་ཟླ10བའི་ཚེས23ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། དྲག་ཆས་ཉེས་ཅན་གྱིས་ཉིན་དེར་མཱ་ལིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣ་ཡོད་སའི་ཞིབ་བཤེར་ས་ཚིགས་ཤིག་ལ་རང་སྲོག་གཅོད་པའི་འཇབ་རྒོལ་བྱས་ཏེ་མི་སྣ་ཤི་རྨས་བཟོས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་བུན་གྱིས་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་རིམ་པ་མང་བོའི་ཕྱོགས་བསྡུས་བརྟན་འཇགས་ཚོགས་ཁག་ལ་མཱ་ལིའི་བྱང་ངོས་ཀྱི་ཐེ་སཱ་ལེ་ཐིའི་ཞིབ་བཤེར་ས་ཚིགས་ཤིག་ནས་རང་སྲོག་གཅོད་པའི་འཇབ་རྒོལ་ཐེབས་པར་རྒོལ་གཏམ་བཏང་བ་དང་། དོན་རྐྱེན་དེ་ལས་ཕ་ཡུལ་ཀྲ་ཏིའི་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣ་འགར་ཤི་རྨས་ཐེབས་པར་མ་ཟད། མི་སེར་དཀྱུས་མར་ཡང་ཤི་རྨས་ཐེབས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་བུན་གྱིས་རང་སྲོག་བློས་བཏང་བའི་ཞི་བདེ་སྲུང་སྐྱོབ་མི་སྣའི་ཁྱིམ་མིར་འཚམས་འདྲི་བྱས་པར་མ་ཟད། རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས། ཕན་ཅི་བུན་གྱིས་བཤད་རྒྱུར། ཐེངས་འདིའི་འཇབ་རྒོལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཱ་ལིའི་བདེ་འཇགས་དང་བརྟན་འཇགས། ཡུན་རིང་ཞི་བདེ་བཅས་སླར་གསོ་འབྱུང་བར་རྒྱབ་སྐྱོར་བྱེད་པའི་ཆོད་སེམས་ལ་གཡོ་འགུལ་ཐེབས་མི་སྲིད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག